47771

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་རྩེ་ངག་དབང་ཆོས་གྲགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་ཕག་ཕྱི་ལོ་ ༡༧༠༧ ལོར་མདོ་སྨད་བྱ་ཁྱུང་དགོན་གྱི་ཉེ་འདབས་སུ་ཡབ་ཚེ་རིང་མགོན་པོ་དང་། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བྱང་ཁྱུང་དགོན་པའི་ཆོས་སྒོར་ཞུགས། བདེ་ཡངས་ངག་དབང་ནོར་བུ་ལས་རབ་བྱུང་བསྒྲུབས། མཚན་ལ་ངག་དབང་ཆོས་གྲགས་ཞེས་གསོལ། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་བཅས་ལ་སྦྱངས། ཉེར་གཅིག་པར་དབུས་སུ་བྱོན། སེར་བྱེས་གྲྭ་ཚང་དུ་ཞུགས། རྗེ་བློ་བཟང་ཆོས་འཕེལ་དང་། བྲག་རི་ངག་དབང་དོན་གྲུབ་སོགས་ལས་བསྡུས་གཞུང་དང་། དབུ་ཕར། འདུལ་མཛོད། རྣམ་འགྲེལ་བཅས་ལ་སྦྱངས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། བཀའ་ཆོས་ཀྱང་མང་དུ་མནོས། གྲུབ་དབང་དཔལ་འབྱོར་ལྷུན་གྲུབ་དང་། རྗེ་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། རྒྱལ་བ་སྐལ་བཟང་རྒྱ་མཚོ། ཁྲི་ཆེན་ངག་དབང་མཆོག་ལྡན། ཁྲི་ཆེན་རྒྱལ་མཚན་སེང་གེ ཨ་ཀ་བསོད་ནམས་བཟང་པོ། བཀའ་འགྱུར་བ་རྒྱལ་མཚན་འོད་ཟེར་སོགས་ལས་ཟབ་ཆོས་དང་བཀའ་འགྱུར་གྱི་ལུང་སོགས་མང་པོ་གསན། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར། སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་དང། ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། རྒྱུད་པའི་བླ་མ་དབུ་མཛད་དང་། རྒྱུད་ཀྱི་མཁན་ཁྲི། བྱང་རྩེའི་བཅས་ཀྱི་མཁན་ཁྲིར་བྱོན། འཆད་ཉན་བསྐྱངས། ཞོགས་ཀྱི་རྒྱུད་ཁང་ཞིག་གསོས་རྒྱ་ཆེར་མཛད། རྒྱལ་བ་རིན་པོ་ཆེས་ཚིགས་སྔ་ཕྱིའི་སྡོམ་བཞེས་སྐབས་ཀྱི་ལས་སློབ་མཛད། ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༧༦༤ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་བདུན་རིང་བསྐྱངས། རྗེ་རིན་པོ་ཆེའི་དངུལ་སྐུ་མི་ཚད་མ་ཁྲི་རྒྱབ་ཡོལ་བཅས་བཞེངས། ལྷ་ལྡན་དཀྱིལ་འཁོར་སྡིངས་སུ་བཞུགས། གསེར་ཟངས་ལས་ཇོ་སྐུ་མི་ཚད་མ་འཕྲ་རྒྱན་ཕུན་སུམ་ཚོགས་པ་ཞིག་གསར་བཞེངས་མཛད་པ་བྱ་ཁྱུང་དུ་འབུལ་བར་མཛད། དོན་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་ཕྱི་ལོ་ ༡༧༧༨ ལོར་སྐུ་གཤེགས། གདུང་རྟེན་སེར་བྱེས་གྲྭ་ཚང་དུ་བཞུགས། དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ང་བརྒྱད་པ་ཡིན།
Synonyms བྱ་ཁྱུང་ངག་དབང་ཆོས་གྲགས།