47850

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱད་མ་ལས་སྦྱོར་བརྟེན་མའི་བསུན་བཟློག་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བྱད་མ་ལས་སྦྱོར་བརྟེན་མའི་སུན་བཟློག ཅེས་བྱ་བ་སྟེ། གཏེར་གཞུང་དུ། སློབ་དཔོན་པདྨས་མཛད་པའི་རྣལ་འབྱོར་ཕོ་མོའི་བརྟེན་བཞུགས་མཁའ་འགྲོའི་བསུན་བཟློག་ཡིད་བཞིན་དབང་གི་རྒྱལ་པོ་འདི་བདག་འདྲ་མཁར་ཆེན་བཟས་ཡི་གེར་བཀོད་པའོ༔ ༔ཞེས་གསལ་བ་ལྟར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་ཅིང་། གཏེར་དུ་སྦས་པ་ཉིད། ཕྱིས་གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། རབ་ལུས་སེམས་འཆི་བའི་མཐའ་དང་བྲལ་བ་དང་། འབྲིང་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསུ་བར་བྱེད་པ་དང། ཐ་མ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སྲོག་ངན་བླངས་ཤིང་བསུ་བར་བྱེད་པ་དེ་དག་བཟློག་པའི་ཕྱིར་མཁའ་འགྲོའི་བསུན་བཟློག་ཇི་ལྟར་བྱ་ཚུལ་བསྟན།
Domain ཆོས་ལུགས།