47887

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱམས་དགོན་རྣམ་རྒྱལ་ཐེག་ཆེན་གླིང་ (1)
Part of speech མིང་ཚིག
Definition མདོ་ཁམས་ནང་ཆེན་ཁུལ་དུ་ཆགས་པའི་བྱམས་བརྩེའི་མེ་ཏོག་ཆོས་ལྡིངས་སམ། བྱམས་དགོན་རྣམ་རྒྱལ་ཐེག་ཆེན་གླིང་དགོན་འདི་ཉིད་ནི། ཐོག་མར་ཁམས་ཀརྨ་བསྟན་འཕེལ་གྱི་དངོས་སློབ་བྱམས་མེ་ལྷ་རྟོགས་ཆོས་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་གྲགས་པའི་ཡ་གྱལ་བྱམས་མེ་ཆོས་སེང་གི་སྐུ་ཕྲེང་ཐོག་མ། རྒྱལ་སྲས་ཀརྨ་ཐོག་གདུགས་ཀྱིས་ནང་ཆེན་ཚང་གསང་རྫོང་ལ་ཆགས་པའི་སྔ་ཙམ་དུ། ནིའུ་ལི་ཁ་བྱ་བའི་སར་ཕྱག་བཏབ། ལོ་ཚིགས་ངེས་པ་ཅན་མ་མཐོང་ཡང་གོ་ཤྲཱི་ཀརྨ་རབ་བརྟན་གྱི་སྐུ་ཚེའི་སྨད་ཙམ་དུ་ནང་ཆེན་བཏབ་ཅེས་པ་ལྟར་ན། ཕྱི་ལོ་ ༡༦༠༠ ཡས་མས་སུ་མིན་ནམ་སྙམ། དེའི་སྐུ་ཕྲེང་གཉིས་པ། མི་ཕམ་བསྟན་པའི་རྒྱལ་མཚན་ནམ། གསང་འཛིན་བདེ་བའི་རྡོ་རྗེ་དེ་ཉིད་ནས་ད་ལྟའི་བར་སྐུ་ཕྲེང་བརྒྱད། བྱམས་མེ་ལྷ་མཆོག་སྐུ་ཕྲེང་བདུན། སྔར་དགོན་འདིར་སྒྲུབ་སྡེ་གཅིག་ལ་སྒྲུབ་པ་བ་བརྒྱད་གཙོ་བོ་ནཱ་རོའི་ཆོས་དྲུག་གི་སྐོར་དང་། སྒྲུབ་ཐབས་སྐོར་ལྔ་སོགས་ཉམས་བཞེས་མཛད། ནང་ཆེན་སྒར་དུ་སྲུང་ཆེན་མར་དབུ་བླ་ཁག་བཞི་ཡི་འཚོགས་པར་ལོ་རེར་ཟླ་བ་གཉིས་པ་ལ་འཚོགས་དགོས་པའི་སྲོལ་དང་། དགུ་ཆེན་ལ་མགོན་པོ་ཕྱག་བཞི་པའི་གཏོར་ཟློག་དང་གཤིན་རྗེ་ཚེ་བདག་གི་ཟློག་པ་ལོ་ལྟར་རེས་མོས། དབྱར་གནས་དང་། སྤྲེལ་ཟླའི་ནང་བདེ་ཕག་བླ་མ་མཆོད་པ་བཅས་ཉིན་དགུ་རེ། ལུག་ཟླའི་ནང་རཏྣའི་ཕུར་སྒྲུབ་ཉིན་དགུ་རྒྱུན་འཇག་གི་ཚོགས་སྲོལ་ཡོད། དགོན་འདི་དར་རྒྱས་ཆེ་བའི་དུས་ནི། ས་བྱི་ ༡༩༥༨ ལོའི་སྔོན་ཙམ་དུ་ཡིན་ལ། བླ་གྲྭ་བརྒྱ་ལྷག་ཙམ་ཡོད། སྔོན་དུས་དགོན་འདིར་སྐུ་གསུང་ཐུགས་རྟེན་ཤིན་ཏུ་འགངས་ཆེན་མང་པོ་དང་། བྱམས་མེའི་དཔེ་མཛོད་ཁང་བྱ་བ་གཞན་ན་མེད་པའི་དཔེ་མཛོད་སོགས་གསུང་རྟེན་མང་པོ། རྒྱ་ནག་གི་དུས་འགྱུར་སྐབས་གཏོར་བརླག་ཏུ་བཏང་བ་དང་། དགོན་གནས་མིང་གི་ལྷག་མ་ཉིད་དུ་གྱུར་འདུག སླར་ཡང་གུ་ཡངས་རྣམ་པའི་སྲིད་ཇུས་འོག་ ༡༩༨༦ ལོར་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་གནང་བ་བརྒྱུད་དགོན་འདི་ཉིད་ཀྱི་སླར་གསོའི་དབུ་བཟུང་བ། བྱམས་མེ་ཆོས་སེང་སྐུ་ཕྲེང་བརྒྱད་པ་མཆོག་ནས་ཐོག་མཐའ་བར་གསུམ་དུ་གཙོ་འགན་ལྷུར་ལེན་མཛད་ནས་གསར་དུ་བཞེངས་གྲུབ་པའི་གཙུག་ལག་ཁང་ཀ་བ་ཉི་ཤུ། ཐོག་འོག་ཁང་མིག་བཅུ་སོགས་ཁང་པ་སྣ་མང་དང་། སྒྲུབ་ཁང་ཁག་གཉིས་ནང་སྒྲུབ་པ་ཉམས་ལེན་མཛད་མཁན་བཞུགས་གནང་བཞིན། རིན་པོ་ཆེ་རྣམ་གཉིས་ནས་ཐུགས་སྐྱེད་དང་རྒྱལ་དབང་འབྲུག་པའི་ཐུགས་མོས་གཞིར་བཟུང་། དགོན་འདིར་མེ་ཁྱི་ ༢༠༠༦ ལོ་ནས་ལོ་ལྟར་བོད་ཟླ་ ༦ ཚེས་ ༡ ནས་ཚེས་ ༥ བར་འཚོགས་རྒྱུའི་འཛམ་གླིང་ཞི་བདེའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་སྨོན་ལམ་ཞེས་པ་འདི་དབུ་བརྙེས་པ་ཡིན་ནོ། །