48045

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱི་ཏང་ཀ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་པོ་རིང་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྔོ་ལྗང་ཅུང་ཕྲ་ལ་རིང་ཞིང་ལྡེམ་པ་ཁ་ཤས་མཉམ་དུ་སྐྱེ་ཞིང༌། ཡལ་ཕྲན་འཇམ་པ་ཁ་དོག་སྐྱ་བོའམ་དམར་ཁམ་ལ་ལོ་མ་སྔོ་སྐྱ་སྒོང་དབྱིབས་འདྲ་ལ་མཐའ་མཉམ་ཞིང་རྩ་རིས་དྲ་བ་ལྟར་གྱེས་པ་དང༌། མེ་ཏོག་སྔོ་དམར་རམ་དཀར་པོ་ཆུང་ཞིང་འདབ་མ་ལྔ་དང་ལྡན་པ་སྡོང་པོ་དང༌། ཡལ་གའི་ལོ་མའི་མཚམས་ནས་གསུམ་བཞི་ཙམ་མཉམ་དུ་ཤར་ཞིང༌། འབྲས་བུ་ཟླུམ་རིལ་སྨིན་ནས་དམར་སྨུག་ཏུ་འགྱུར་བ། སྐམ་ནས་ཁོང་སྟོང་གི་རྣམ་པ་ཅན་སང་སྒྲ་སྒྲོག་པ་སྟེ། བོད་ཁམས་ཀྱི་སྤོ་ཡུལ་དང༌། མེ་ཏོག་རྫོང༌། རྫ་ཡུལ་སོགས་ཀྱི་ནགས་རོང་གི་ཤིང་གསེབ་དང༌། དེ་མིན་རྒྱ་གར་དང༌། བལ་ཡུལ། འབར་མ་སོགས་སུ་སྐྱེ་བ། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་ཧམ་རུལ་མ་ཤོར་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་སྐྱུར་བ། ཞུ་རྗེས་ཁ་བ། ནུས་པ་ཚ་ལ་རྣོ་བས་སྲིན་བུ་ཟངས་ལྟར་དམར་བ་དང༌། དུང་ལྟར་དཀར་བ། རྟ་རྔ་ལྟར་ཕྲ་བ་བཅས་སྲིན་བུའི་ནད་རིགས་དང༌། ཕོ་བའི་མེ་དྲོད་ཉམས་པ། གཞང་འབྲུམ་སོགས་ལ་ཕན་པ་ཡིན།
Domain གསོ་རིག
Synonyms དོན་ཡོད་འབྲས་བུ། སྣ་ཚོགས་འབྲས། སྲིན་བུ་འཇོམས། སྲིན་དུག

{{#arraymap:བྱི་ཏང་ཀ་

|; |@@@ | | }}