48075

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱི་ཚེར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ལྗང་གུ་ཅུང་ཟད་སྦོམ་ལ་རིང་བ་ཁ་ཤས་མཉམ་དུ་སྐྱེ་བ་དང༌། ཡལ་ག་མང་བ། ལོ་མ་ལྗང་གུ་རྒྱབ་སྐྱ་བའི་དབྱིབས་ཟུར་གསུམ་ཅན་མཐར་ངེས་གཏན་མེད་པའི་ཉག་ག་ཡོད་པ། ལོ་མའི་ངར་བ་རིང་རེས་མོས་སུ་སྐྱེ་བ་དང༌། ལོ་སྡོང་གཉིས་ཀར་སྤུ་དཀར་འཇམ་པོ་སྐྱེས་ཡོད་ཀྱང་མངོན་དཀའ་བ། མེ་ཏོག་སེར་ལྗང་ཆུང་ལ་འདབ་མ་ལྔ་དང་ལྡན་པ་ལོ་མའི་མཚམས་ནས་ཤར་བ་དང༌། འབྲས་བུ་ཆེ་ཆུང་རིལ་མ་ལས་ཆེ་ཙམ་ལ་ཚེར་མ་རྣོན་པོས་ཁྱབ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཀླུང་གི་གྲམ་ཐང་དང༌། ས་རྒོད་སོགས་སྐམ་ཤས་ཆེ་བའི་སར་སྐྱེ་བ་མང་བ། ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་ཐོག་བསྐམས་ནས་སྨན་དུ་སྤྱད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཆམ་པ་རིམས་ཚད་ཀྱི་ནད་དང༌། མཁལ་མར་ཚ་བ་ཞུགས་པ། རླུང་གི་ནད་རིགས་ལ་ཕན་པ་ཡིན།
Domain གསོ་རིག

{{#arraymap:བྱི་ཚེར་

|; |@@@ | | }}