48102

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱི་ཤང་ (1)
Part of speech མིང་ཚིག
Definition རྩྭ་ལྡུམ་ཞིག་གི་མིང་། བྱི་ཤང་དཀར་མོ་ཡང་ཟེར། འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་ནང་དཀར་པོ་ཕྲ་ལ་ཐུང་བ་ཕྲ་སྦོམ་དང། རིང་ཐུང་ཙམ་མ་གཏོགས་ཉེ་ཤིང་གི་རྩ་བ་དང་འདྲ་བར་ཨ་ར་འདྲ་བའི་རྩ་ཕྲན་ཡང་ཐར་ཐོར་ཡོད་པ་དང་། སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བར་ཚིགས་ཅན་ཡལ་ག་མེད་ཅིང་། ལོ་མ་ལྗང་གུ་ཆུང་བ་མདུང་རྩེའི་དབྱིབས་འདྲ་བའི་སྨད་ཆེ་ཞིང་ངར་བ་མེད་པ་ཁ་སྤྲོད་བྱས་ཏེ། སྐྱེ་བར་སྤུ་དཀར་རྩུབ་པོ་ཡོད་ལ་མེ་ཏོག་དཀར་པོ་ཆུང་ཞིང་མང་བ་འདབ་མ་ལྔ་ལྡན་འཆར་བ་མེ་ཏོག་ཤར་ཚར་བའི་རྗེས་སུ་ཡལ་ག་ལྟ་བུར་གྱུར་ཏེ་གཅན་གཟན་གྱི་སྨ་ར་འདྲ་བ་ཡོད། རོ་མངར་ལ་ཁ། ཞུ་རྗེས་སྙོམས། ནུས་པས་ཁོང་དུ་བཏང་ན་གློ་ཚད་སེལ། ཕྱི་ནས་འབྱར་བྱས་ན་ཕྱི་སྐྲན་བཤིག
Domain གསོ་རིག

{{#arraymap:བྱི་ཤང་

|; |@@@ | | }}