48149
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྤྱོད་པ་གསུམ་གྱི་ཡ་གྱལ་ཞིག་སྟེ། རྟོགས་པའི་ཏིང་ངེ་འཛིན་གྱི་དགོངས་པའི་བྱིན་གྱིས་བརླབས་པའི་རང་སྣང་གི་ཤུགས་ཀྱིས་སྤྱོད་པའི་ཕྱིར་བྱིན་གྱིས་རླབས་ཀྱི་སྤྱོད་པ་ཞེས་བྱ། གཟི་ལྡན་འཆར་ཁའི་འོད་སྣང་ལས། བྱིན་གྱིས་བརླབས་ཀྱི་སྤྱོད་པ་ནི་དཔེར་ན་ཡུལ་ཆེ་ན་ནམ་མཁའ་ཆེ། ཡུལ་ཆུང་ན་ནམ་མཁའ་ཆུང་བ་དང་འདྲ་བར་ལམ་གོང་འོག་ལ་ཆོས་ཉིད་རྟོགས་ཚབས་ཆེ་ཆུང་ཡོད་པས། སྤྱོད་པ་ལ་ཡངས་དོག་འོངས་ཏེ། བདག་དོན་གྱི་སྤྱོད་པའོ། །ཞེས་དང་། བྱིན་གྱིས་རླབས་ཀྱི་སྤྱོད་པ་དེ་ཡང་དཔེར་ན་དེ་ཉིད་སྣང་བའི་ཡུལ་ཆེ་ཆུང་གི་ནམ་མཁའ་ལ་ཁྱད་པར་ཡོད་པ་ལྟར་དགོངས་པ་ཆེ་ཆུང་གིས་རིམ་པའི་མཐོ་དམན་ལྟར་སྤྱོད་པའི་ཁྱད་པར་ལ་ཆེ་ཆུང་གིས་རྣམ་པར་བྱུང་བ་ཡང་ལྟ་བ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་པས་རྣལ་འབྱོར་ལྔ་དང་བཅུའི་རིམ་པ་ལྟར་སྤྱོད་པ་ཡང་ཁྱད་པར་ཅན་དུ་ངེས་པའོ། །ཞེས་པ་ལྟར་སྤྱོད་པ་ལྔ་དང་བཅུར་དབྱེར་ཡོད། |
Domain | ཆོས་ལུགས། |
{{#arraymap:བྱིན་གྱིས་རླབས་ཀྱི་སྤྱོད་པ་
|; |@@@ | | }}