48153
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ གང་ཟག་གང་ཡང་རུང་བ་ཞིག་གིས་གང་ཟག་ཅིག་ལ་སྦྱིན་པ་བྱིན་པ་དེ། གཞན་ལ་ཡང་བྱིན་ན། ཆོས་དང་མི་ལྡན་པར་བྱིན་ལ། ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་པར་སྤྱོད་པའོ། ། ༢ གང་ཟག་ཅིག་ལ་སྦྱིན་པ་བྱིན་པ་དགེ་འདུན་ལ་ཡང་དབུལ་ན། ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། ། ༣ དེ་བཞིན་དུ་གང་ཟག་གཉིས་ལ་སྦྱིན་པ་བྱིན་པ་གང་ཟག་གཅིག་ལ་བྱིན་ནམ། མང་པོའམ། དགེ་འདུན་གཉིས་ལ་བྱིན་ན། ཆོས་དང་མི་མཐུན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། ། ༤ དེ་ལྟར་གང་ཟག་གཅིག་ལ་བྱིན་ནམ། གཉིས་སམ། མང་པོའམ། དགེ་འདུན་ལ་ཕུལ་ན། ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། ། ༥ དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་ལ། གཅིག་ལའམ། གཉིས་ལའམ། མང་པོའམ། དགེ་འདུན་ལ་ཕུལ་ན། ཆོས་དང་མི་ལྡན་པར་བྱིན་པ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། ། ༦ དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་སྦྱིན་པ། དགེ་སློང་མའི་དགེ་འདུན་ལ་བྱིན་ནམ། ༧ དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་འདུན་གཉིས་ཀ་ལ་ཕུལ་ལམ། དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལམ། ༨ དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལམ། ༩ དགེ་སློང་མའི་དགེ་འདུན་གཉིས་ཀ་ལ་ཕུལ་ལམ། དགེ་འདུན་གཉིས་ཀ་ལ་སྦྱིན་པ་བྱིན་པ་དགེ་འདུན་སྡེ་གཉིས་གཞན་ལ་ཕུལ་ལམ། ༡༠ དགེ་འདུན་ཕྱོགས་དང་། གཞན་གྱི་ཕྱོགས་སུ་ཐ་དད་པར་གནས་ལ་ཕྱོགས་གཅིག་ལ་སྦྱིན་པ་བྱིན་པ་ཕྱོགས་གཉིས་པོ་ལ་ཕུལ་བ་བཅས་ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། ། |
Domain | ཆོས་ལུགས། |
{{#arraymap:བྱིན་དུ་མི་རུང་བ་བཅུ་
|; |@@@ | | }}