48159
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དགེ་སློང་གིས་དགེ་སློང་གཞན་ལ་དབང་བའི་ཡོ་བྱད་རང་ཉིད་ལ་དབང་བར་འདུ་ཤེས་འཁྲུལ་ནས་རྐུ་སེམས་མེད་པར་འཕྲོགས་ཏེ་ཐོབ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་གོས་དང་ལྷུང་བཟེད་གཞན་ལ་བྱིན་པ་ཡིད་བཅུག་དང་། རྐུ་སེམས་མེད་པར་འཕྲོག་སྟེ་ཐོབ་བློ་སྐྱེས་པ་ན་སྤང་ལྟུང་དུ་འགྱུར་བའི་ཕྱིར། བྱིན་འཕྲོག་གི་སྤང་ལྟུང་གི་མཚན་ཉིད། གླེང་གཞི་ནི། མཉན་ཡོད་དུ་དགའ་བོས་ཆོས་གོས་བྱིན་འཕྲོད་བྱས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། ཕམ་པ་དང་པོའི་རྒྱུར་འགྲོ་བའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བྱིན་ཕྲོག་གི་སྤང་ལྟུང་
|; |@@@ | | }}