48193
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས། |
{{#arraymap:བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་ལུང་ལས་མཉན་ཡོད་དུ་དྲུག་སྡེས་བྱིན་ལེན་མ་བྱས་པར་ཟ་བར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་བྱིན་པར་ལེན་པའི་རྒྱུར་འགྱུར་བ་དང་། ཟས་བཀག་པ་ལ་ལོངས་སྤྱོད་པའི་རྒྱུར་འགྱུར་བ་སྟེ། སྒྲ་མི་སྙན་དུ་ལྟུང་བ་མེད་པར་གསུངས་པ་དང་། ཟས་ལ་དཔང་པོར་འགྱུར་རོ་ཞེས་གསུངས་པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གི་བྱིན་ལེན་འཇུག་པའི་ཟས་ལ་རང་ངམ་རང་དང་ཆོ་ག་གཅིག་པའི་བྱིན་ལེན་དང་མི་ལྡན་པ་ཁམ་གཅིག་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ངོ་བོ་ནི། དགེ་སློང་གིས་སྨན་རྣམ་པ་བཞི་གང་ཡང་རུང་བ་བྱིན་ལེན་མ་བྱས་པར་ཟོས་ཤིང་མགུལ་བ་ནས་མིད་དེ་ལོངས་སྤྱོད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་
|; |@@@ | | }}