48276

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱུང་བ་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་པར་སྨིན་ལས་བྱུང་བ་དང་། །རྒྱས་ལས་བྱུང་བ་ནང་གི་ལྔ། །སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། །ཞེས་གསུངས། དེ་རྣམས་ལ་བྱུང་བ་གསུམ་གྱི་ཁྱད་པར་ཡོད་དེ། མིག་གི་ཁམས་སོགས་ནང་གི་ཁམས་གཟུགས་ཅན་ལྔ་ནི་རྣམ་སྨིན་གྱི་རྒྱུ་ལས་བྱུང་ཞིང་རྒྱས་པའི་རྒྱུ་བཞི་ཅི་རིགས་པ་ལས་བྱུང་བ་ཡིན་ལ། སྒྲའི་ཁམས་ནི་འདོད་དགུར་འབྱུང་བ་ཡིན་པས་རྣམ་སྨིན་སྐྱེས་མིན་ཀྱང་རྒྱས་པའི་རྒྱུ་ལས་བྱུང་བ་དང་རྒྱུ་མཐུན་ལས་བྱུང་བ་ཡོད་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། དེ་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ཅི་རིགས་ལས་སྐྱེས་པའི་ཕྱིར། རྒྱས་པའི་རྒྱུ་བཞི་ནི། ཁ་ཟས་དང་། ལེགས་པར་བྱ་བ་དང་། གཉིད་དང་། ཏིང་ངེ་འཛིན་རྣམས་ཡིན་ཏེ། དེ་དག་གིས་དབང་པོ་རྣམས་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར། རྣམ་སྨིན་སྐྱེས་དང་རྒྱུ་མཐུན་ལས་བྱུང་བ་གཉིས་ཀ་ཡིན་པ་གཞན་ཡང་ཡོད་དེ། མི་དགེ་བའི་རྣམ་སྨིན་དང་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་ཐོགས་མེད་ཀྱི་ཁམས་བརྒྱད་ཡོད་པའི་ཕྱིར་དང་། གཞན་གཟུགས་དྲི་རོ་རེག་བྱ་བཞི་ལ་ནི་བྱུང་བ་གསུམ་ཀ་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:བྱུང་བ་གསུམ་

|; |@@@ | | }}