48297
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ལུས་གདོན་རྐྱེན་བསྐུལ་ན་ཚ་མང་། ཐུགས་ཡིད་དཀྲུགས་པ་བྱུར་གྱི་གྲོགས། ཞེེས་གསུངས་པས། དེ་ཡང་ལུས་ལ་གདོན་གྱིས་གཙེས་ཏེ་ན་ཚ་མང་ཞིང་དགེ་བྱེད་ལ་སོགས་ཀྱི་ཐུགས་སེམས་དཀྲུགས་པར་བྱེད་པའི་གྲོགས་ལ་བྱའོ། །དེ་ལ་ཡང་བྱུར་གྱི་གྲོགས་ཞེས་བྱ་བ་ནི། དགེ་བྱེད་ཀྱི་ཐུགས་ཡིད་དཀྲུག་པར་བྱེད་པས་དེ་ལྟར་བརྗོད་པར་མངོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:བྱུར་གྱི་གྲོགས་
|; |@@@ | | }}