48307
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། གཡང་གླུད་ལ་མཁོ་བའི་རྫས་སྐྱ་གའི་སྤུ་སོགས་ཡིན་སྙམ་སྟེ། རྣམ་རྒྱལ་གཡང་སྐྱབས་ལེའུ་ལས་གཡང་གླུད་ལ་བྱུར་དང་བསེ་རག་གི་གཟུགས་ནི་སྐྱ་ག་དང་རི་བོང་བཅའ་སྟེ། དེ་ནི་གླུད་དུ་བཀར་བར་བྱེད་ཡོད་པས། སྐྱ་གའི་སྤུ་དང་དེའི་ཉལ་གནས་ཚང་གི་ཤིང་རྩ་སོགས་དགོས་པ་ནི། ད་ལྟ་ཡུལ་ལུང་ཁག་ལ་བོན་གཤེན་རྒན་གཞོན་རྣམས་ཀྱིས་དེ་ལྟར་གྱི་འགོང་རྫས་བསགས་ནས་གཡང་གླུད་བཀར་བའི་སྲོལ་དེ་བཟུང་ཡོད། རྣམ་རྒྱལ་ཕྱྭ་གཡང་དམུ་ཞགས་འཁྱིལ་བ་ལས། ཆག་ཡས་གོད་ཡས་མི་ཁའི་ཡས། བྱུར་ཡས་ཡས་སྟགས་གང་འཛོམས་ཚོམ། རི་བོང་གཟུགས་ཀྱི་རྒྱབ་ལ་བཀལ། རྩ་སྐྱའི་མི་ལ་ཁྲིད་དུ་བཅུག གླག་གི་སྡེར་མོས་རྒྱབ་ནས་འབྲེད། མི་ལ་བསེ་རག་ཚང་སྤོ་བྱ། གྲོང་མི་མངོན་པའི་ས་ལ་བསྐྱལ། བྱེ་མའི་ལ་དགུ་ལུང་དགུ་འབྲི། ཐོ་དགུ་བརྩེགས་ལ་མ་འོངས་ཞེས་བྱ། ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:བྱུར་ཡས་
|; |@@@ | | }}