48349

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱེ་བྲག་སྨྲ་བའི་རྟག་ཆད་ཀྱི་མཐའ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། གང་ཟག་ལ་རྟག་ཆད་ཀྱི་མཐའ་སྤང་ཚུལ་ནི། སྐྱེ་གནས་གཅིག་ནས་གཅིག་ཏུ་སྐྱེ་བ་ལེན་པས་ཆད་པ་མ་ཡིན་ལ། འཆི་འཕོ་བའི་རིམ་པ་ཡོད་པས་རྟག་པ་མ་ཡིན་ནོ། །ཡང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོའི་གང་ཟག་ཡོད་པ་དང་། གཞན་གྱིས་བཏགས་པའི་གང་ཟག་གིས་སྟོང་པའི་ཕྱིར་ཆད་པ་དང་རྟག་པ་གཉིས་ཀ་མ་ཡིན་ནོ། །རྒྱུ་འབྲས་ལ་རྟག་ཆད་སྤང་ཚུལ་ནི། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བའི་ཕྱིར་ཆད་པ་མ་ཡིན་ལ། འབྲས་བུ་སྐྱེས་པའི་ཚེ་རྒྱུ་འགགས་པས་རྟག་པ་ཡང་མ་ཡིན་ནོ། །ལས་རྒྱུ་འབྲས་ལ་རྟག་ཆད་སྤང་ཚུལ་ནི། ལས་བྱས་མ་ཐག་འགགས་པས་རྟག་པ་ཡང་མིན་ལ། ལས་བྱས་པ་ན་བུ་ལོན་གྱི་དཔང་རྒྱ་དང་འདྲ་བའི་ལས་ཆུད་མི་ཟ་ཞེས་བྱ་བ་སྐྱེ་ལ། དེས་མ་འོངས་པ་ན་རྣམ་པར་སྨིན་པ་འབྱིན་པར་བྱེད་པའི་ཕྱིར་ཆད་པ་ཡང་མ་ཡིན་ཞེས་འདོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་མ་རིགས་ཚོགས་དཀའ་གནད་ལས་གསུངས་སོ། ། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། ཤེས་བྱ་གཞི་ལྔས་བསྡུས་པའི་དོན་དམ་པར་བདེན་པ་གྲུབ་པས་ཆད་པའི་མཐའ་ལས་གྲོལ། ཕུང་པོ་ལྔ་ལ་བཏགས་པའི་གང་ཟག་དང་། རགས་པ་དང་རྒྱུན་ལ་གཞག་པའི་ཆོས་ཀྱིས་བསྡུས་པའི་ཀུན་རྫོབ་བདེན་པ་བདེན་པ་མེད་པས། རྟག་པའི་མཐའ་ལས་གྲོལ་ཞེས་འདོད་དོ། །ལས་འབྲས་སྦྲེལ་བྱེད་ནི། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག ལས་ཀྱིས་བུ་ལོན་གྱི་དཔང་རྒྱ་འདྲ་བའི་ཆུད་མི་ཟ་བ་སྐྱེད་པར་འདོད་པ་དང་། ཁ་ཅིག ལས་ཀྱིས་ཐོབ་པ་བསྐྱེད་ནས་དེས་སྦྲེལ་བར་འདོད་དོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:བྱེ་བྲག་སྨྲ་བའི་རྟག་ཆད་ཀྱི་མཐའ་

|; |@@@ | | }}