From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བྱེད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་ལས་སྟོན་བྱེད་ཅིག
|
| Example
|
ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་ཅེས་པའི་སྐབས་ཀྱི་སྟ་རེ་ནི་བྱེད་པ་ལྟ་བུ།
|
| Domain
|
སྒྲ་རིག་པ།
|
བྱེད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཡི་གེ་སོ་སོར་ཀློག་སྐབས་ཀྱི་བྱེད་རྩོལ་གཉིས་སུ་ཕྱེ་བའི་བྱེད་པ་སྟེ།
|
| Example
|
ཀ སྐྱེ་གནས་མགྲིན་པ། བྱེད་པ་མགྲིན་པ་ལྟ་བུ།
|
བྱེད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་བཅུ་གཅིག་སྟེ། སྐར་རྩིས་ཀྱི་བྱེད་པ་ལ་བཅུ་གཅིག་ཡོད་པས་སོ། །
|
| Type
|
མངོན་བརྗོད།
|
བྱེད་པ་ (4)
| Part of speech
|
མིང་ཚིག
|
| Definition
|
འཕྲིན་ལས་ལ་འཇུག་པར་བཤད།
|
བྱེད་པ་ (5)
| Part of speech
|
མིང་ཚིག
|
| Definition
|
ལྔ་བསྡུས་ཀྱི་ནང་ཚན་བྱེད་པ་སྟེ། ཉིན་ཞག་རེའི་ཕྱེད་ཆར་འཆར་བར་བྱེད་པའི་དུས་ལྷ་དང་དུས་ཚོད་ཅིག་སྟེ། དབྱེ་ན། གདབ་པ་ཞེས་བྱ་བ་དང་། བྱིས་པ་ཞེས་བྱ་བ་སོགས་པ་འཕོ་བའི་བྱེད་པ་བདུན་དང་། མི་སྡུག་པ་ཞེས་བྱ་བ་དང་། ཀླུ་ཞེས་བྱ་བ་སོགས་རྟག་པའི་བྱེད་པ་བཞི་ཡོད། རིགས་ལྡན་སྙིང་ཐིག་ལས། བྱེད་པ་སྔ་ཕྱིའི་བྱེད་པར་བཟུང། །ཞེས་བྱུང་།
|
| Domain
|
རྩིས་རིག
|