48992

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་གུར་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དཔོན་གསས་བླ་མ་སོགས་ཀྱི་བཞུགས་ཁྲིའི་སྟེང་གི་ནམ་མཁའ་འམ་བླ་ནས་མར་གདུགས་ལྟར་དབུབ་པའི་རྒྱན་ཆ་ཞིག་ཡིན་ལ་རྒྱུ་དར་གོས་སོགས་ཀྱི་བྱ་སྲོལ་ཡོད། མིང་གཞན་ལ་བླ་བྲེ་ཞེས་ཀྱང་བྱའོ། །སྔོན་ཚེ་དབལ་བོན་རྣམས་ཀྱིས་བསྟན་པའི་དགྲ་བགེགས་བསྒྲལ་བའི་ཤ་ཚིལ་ཁྲག་སོགས་ལས་ཀྱང་། ལྷ་ཚོགས་ཀྱི་སྐུ་རྒྱན་དང་སྒྲུབ་པའི་མཆོད་རྫས་སུ་མཛད་ནས་བྱིན་གྱིས་བརླབས་པ་ཡང་ཡོད་དེ། གསང་འདུས་དོན་རྒྱུད་ལས། བདུད་པོ་བསྒྲལ་བའི་གཡང་གཞི་ལ། ཁྲོ་ཆེན་སྐུ་ཡི་སྟོད་གཡོག་བྱས། བདུད་ཀྱི་གཡང་གཞི་དེ་ནས་སྲིད། ཚིལ་བུ་ནམ་མཁའི་བླ་གུར་བྱས། ཤེལ་དཀར་དཔྱང་བུ་དེ་ནས་སྲིད། ཅེས་སོགས་གསུངས་པས་ངེས་སོ། །
Domain ཆོས་ལུགས།