48995

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་གོས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རབ་འབྲིང་ཐ་གསུམ་གྱི་ཚད་སྣམ་སྦྱར་བཞིན་ཡིན་པར་མཁས་པ་དག་གིས་བཤད་ལ། བགོ་བའི་དུས་ནི་གཞུང་འདིར། བཤང་བ་དང། གཅི་བ་དང། མི་གཙང་བའི་བྱི་དོར་བྱ་བ་དག་ན་བླ་གོས་བགོ་བ་བསྟེན་པར་མི་བྱའོ། །ཞེས་གསུངས་པས་བྱི་དོར་བྱེད་པ་ན་གྱོན་པར་མི་བྱ་ཞིང། དེ་ལས་གཞན་པའི་ཉིན་མོའི་དུས་ཕལ་ཆེར་ལ་གྱོན་པར་བྱ་བ་ཡིན་ནོ། །འདི་དང་སྣམ་སྦྱར་ནམ་ཡང་ས་རྗེན་ལ་བཞག་པར་མི་བྱ་སྟེ། དྲས་དྲུབ་བྱེད་པ་ན་ཡང་ས་ལ་མི་བཞག་པར་འོག་ཏུ་གཏན་པ་དགོས་པར་གསུངས་ན་དྲུབ་ཟིན་པའི་བྱིན་བརླབས་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ། ཆོས་གོས་ས་ལ་མི་བཞག་གོ ། དེའི་དོན་ཏུ་གཏན་པ་བྱའོ། །ཞེས་དང། ཆོས་གོས་གར་བབ་བབ་ཏུ་མི་བཞག་གོ །དེའི་དོན་དུ་གདང་བུ་བྱའོ། །ཞེས་སོ། །དེས་ན་གཞི་གཞན་མ་བཏིང་བར་ཆོས་གོས་མི་བཞག་སྟེ། ཇི་སྐད་དུ། གཞི་མ་བཏིང་བའི་སར་ཆོས་གོས་བཞག་པར་མི་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།