49004

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་ཆེན་དགོངས་པ་རབ་གསལ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༨༣༢ ལོར་འཁྲུངས། ཆུང་དུས་ནས་མདོ་སྨད་དན་ཏིག་ཏུ་བྱོན། རབ་བྱུང་སྒྲུབ་དུས་མཁན་པོ་གཙང་རབ་གསལ་དང༌། སློབ་དཔོན་གཡོ་དགེ་འབྱུང་གཉིས་ཀྱི་མིང་ནས་དྲས་ཏེ། དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། རང་ལོ་ཉེར་གཉིས་པ་ལ་སྔར་གྱི་མཁན་སློབ་གསུམ་དང་རྒྱའི་དགེ་སློང་གེ་ཝང་དང་གྱི་བན་གཉིས་ཁ་སྐོང་བྱས་ཏེ་བསྙེན་པར་རྫོགས། བསྟན་པ་ཕྱི་དར་གྱི་མགོ་དེ་ནས་ཚུགས་པ་ཡིན། ཁོང་སྡོམ་རྒྱུན་ལས་ཀླུ་མེས་སོགས་དབུས་གཙང་མི་བཅུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག དེ་རྣམས་དབུས་གཙང་དུ་ལོག བསྟན་པའི་མེ་རོ་སྨད་ནས་གསོས་ཞེས་པ་ལྟར་འདུལ་བསྟན་རྒྱ་ཆེར་སྤེལ་བས་འདུལ་བ་སྨད་ལུགས་སུ་གྲགས་སོ། །