49046

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་མ་ (1)
Part of speech མིང་ཚིག
Definition རྙིང་མ། སྡོམ་གསུམ་དཔག་བསམ་སྙེ་མ་ལས། གུ་རུའི་སྒྲ་ནི་ལྕི་བ་ལ་འཇུག་པས་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་ཕྱིར་བླ་མའོ། །གང་དག་བླ་མ་ཞེས་པ་གསང་སྔགས་ལ་གྲགས་ཀྱི། སོ་བྱང་ལ་དེ་འདྲའི་ཐ་སྙད་བཤད་པ་མེད་དོ་སྙམ་ན། མ་ཡིན་ཏེ། དགེ་ཚུལ་གྱི་ཀཱ་རི་ཀཱ་ལྔ་བཅུ་པ་ལས། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ཞེས་དང་། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་བཤད་པའི་ཕྱིར་རོ། །ཞེས་གསུངས། ཡང་གསང་སྔགས་ཀྱི་ལུགས་ལྟར་ན། བླ་མ་ནི་དཀོན་ཅོག་བཞི་པ་སྟེ། ནང་གསེས་ཀྱི་དབྱེ་བ་ལ། འདྲེན་པའི་བླ་མ། ཤེས་རྒྱུད་འགྲོལ་བའི་བླ་མ། མན་ངག་སྟོན་ཅིང་ལུང་འབོགས་པའི་བླ་མ། ཉམས་ཆག་སྐོང་བའི་བླ་མ། དམ་ཚིག་དབང་གི་བླ་མ། སྤྱིའི་བླ་མ་བཅས་དྲུག་ཏུ་གསུངས་ཏེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དང་། །ཆགས་ཉམས་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་དང་། དྲི་མེད་བཤགས་རྒྱུད་ལས། ཀྱེ་ཧོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལམ་ལ་གནས་པའི་བླ་མ་དམ་པ་ནི་བཞི་ཞིག་ཡོད་དེ། དེ་ཡང་གང་ཞེ་ན། ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མ་དམ་པ་དང་། ནང་རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་། གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་བླ་མ་དམ་པའོ། །ཞེས་དང་། ཉི་ཟླ་འབར་བའི་སྒྲོན་མ་ལས། བླ་མ་ཞེས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེས་སྐྱོབ་པའོ། །ཞེས་དང་། ཡང་ན་དེ་ལ་ཡང་འབྲུ་ལྔར་བཤད་དེ། མཚན་ཉིད་སྡེ་གསུམ་གྱི་འགྲོ་བའི་བླ་མ་སྟོན་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཀྲི་ཡོག་སྡེ་གསུམ་གྱི་འགྲོ་བའི་བླ་མ་ནི་སྟོན་པ་རྣམ་པར་སྣང་མཛད་དོ། །བསྐྱེད་རྫོགས་གཉིས་ཀྱི་འགྲོ་བའི་བླ་མ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྫོགས་པ་ཆེན་པོའི་འགྲོ་བའི་བླ་མའམ་སྟོན་པ་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའོ། །སྤྱི་ཏིའི་འགྲོ་བའི་བླ་མའམ་སྟོན་པ་ནི་ཡེ་ཐོག་མ་ཀ་དག་གི་སངས་རྒྱས་སོ། །ཞེས་ལྔར་གསུངས་སོ། །
Keyword True
Domain ཆོས་ལུགས།