49052

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་མ་གྲུབ་ཐོབ་སེ་ཆེན་ (1)
Part of speech མིང་ཚིག
Definition གྲུབ་ཐོབ་སེ་མོ་ཆེ་བའམ་ནམ་མཁའ་རྒྱལ་མཚན་བྱ་བ་ནི། ཆུང་དུས་ལྗགས་མི་བདེ་བ་ཡིན་མོད། ཀློག་མ་བསླབས་ཀྱང་རང་ཤེས་བྱུང་། དེ་ནས་མ་ཇོ་འབུམ་ལ་སྦྱོར་བ་ཡན་ལག་དྲུག་གི་གདམས་ངག་རྣམས་ཞུས་པར་མ་ཟད། ཁང་གསར་བ་ནམ་མཁའ་འོད་ལ་བསྟེན་ཞིང་དུས་འཁོར་གྱི་རྒྱུད་འགྲེལ་རྣམས་གསན་པས་ཐུགས་སུ་ཆུད་དེ་མཁས་པར་གྱུར། རང་གི་གཅེན་མོ་སྤྲུལ་སྐུ་ཇོ་འབུམ་ལ་དབང་མདོར་བསྟན་དང་བཀའ་འགྲེལ་པདྨ་ཅན་གསན་པ་མ་ཟད། གཞན་བདེ་མཆོག་དང། ཀྱཻ་རྡོར། ནཱ་རོ་ཆོས་དྲུག་སོགས་ཀྱང་གསན་ཏེ་སྒོམ་སྒྲུབ་ལ་བརྩོན་པས་ཏིང་ངེ་འཛིན་བརྙེས། སྐུ་ཚེའི་སྨད་ལ་གཙང་འོ་ལུང་སེ་མོ་ཆེའི་དགོན་པ་བཏབ་སྟེ་བཞུགས་པས་གྲུབ་ཐོབ་སེ་མོ་ཆེ་བར་གྲགས་སོ། །