49054

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་མ་ཆོས་དབང་ཕྱུག་ (1)
Part of speech མིང་ཚིག
Definition དབོན་པོ་དབང་ཕྱུག་རིན་ཆེན་ལ་སྲས་གསུམ་ཡོད་པའི་ཆུང་བ་རུ། རབ་བྱུང་བཞི་པའི་མེ་མོ་ཕག་ ༡༢༨༧ ལོར་སྐུ་འཁྲུངས། ས་སྐྱར་བྱོན་ནས་རབ་བྱུང་མཛད། དགུང་ལོ་ཉི་ཤུ་རྩ་ལྔ་ལ་བྱང་འབའ་རོམ་གྱི་གདན་སར་བཞུགས། མཁས་པོ་ཆེན་པོ་རང་གི་གསུངས་བཞིན་ཁོང་རང་གདུང་རུས་ཇོ་ཤཱཀ་གི་རྒྱབ་ཏུ་ཕུག་པ་མཛད་པའི་ནང་དུ་བཞུགས་སུ་གསོལ། གདུང་ཆ་ཤས་ལ་སྐུ་གསུངས་ཐུགས་ཀྱི་རྟེན་མང་དུ་བཞེངས། གདན་སར་ལོ་དྲུག་བཞུགས་ནས་དགུང་ལོ་སུམ་ཅུ་པ་ཕྱི་ལོ་ ༡༣༡༦ རབ་བྱུང་ལྔ་པའི་མེ་འབྲུག་ལོའི་སྨིན་འབྲུག་ཟླ་བའི་ཚེས་བརྒྱད་ལ་སྐུ་གཤེགས་སོ།།