From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བླ་མ་དམ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རང་གི་སློབ་དཔོན་གྱི་གཙོ་བོ་སྟེ།
|
| Example
|
བླ་མ་དམ་པའི་ཐུགས་ཀྱི་སྲས་བུ་ལྟ་བུ།
|
བླ་མ་དམ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
བླ་མ་འདས་པོ་སྟེ།
|
| Example
|
བླ་མ་དམ་པའི་ཞལ་ཆེམས་དྲོན་པོ་མ་བརྗེད་པར་ཡིད་ལ་དམ་དུ་ཟུངས་ལྟ་བུ།
|
བླ་མ་དམ་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས། རྒྱུད་ནས་གསུངས་པའི་གདམས་པའི་མཚན་ཉིད་དང་ལྡན་པས་དབང་བསྐུར་ལམ་མ་ནོར་བར་ཉམས་སུ་ལེན་ཚུལ། གེགས་སེལ། བོགས་འདོན་ལ་སོགས་པ་ཟབ་མོ་སྟེར་བ་དེ་དཀོན་མཆོག་གསུམ་གཅིག་ཏུ་འདུས་པའི་ངོ་བོ་ཡིན་ཏེ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །ཞེས་གསུངས་སོ། །གསང་སྔགས་ཀྱི་བླ་མ་སྐྱབས་གནས་ཀུན་འདུས་ཡིན་པས་དེ་ལྟར་ཤེས་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་ན། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་དཀོན་མཆོག་གསུམ་གྱི་ངོ་བོར་ཚེ་འདི་ལ་འགྲུབ་པར་འགྱུར་རོ། །ཐེག་པ་གསུམ་པོ་རང་རང་གི་གཞུང་ནས་བྱུང་བའི་བླ་མའི་མཚན་ཉིད་ཚང་ན་བླ་མ་དམ་པ་ཡིན་ལ། མ་ཚང་ན་ཆོས་ཀྱི་འབྲེལ་བ་ཡོད་པའི་བླ་མ་ཙམ་ཡིན་ཀྱང་དམ་པ་ནི་མ་ཡིན་ནོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །བླ་མ་དམ་པར་འགྱུར་བ་ལ་རྟེན་གྱི་གང་ཟག་དེ་ལ་དབང་བསྐུར་བའི་སྒོ་ནས་གསང་སྔགས་ཀྱི་སྡོམ་ལྡན་དུ་བྱས་ཏེ། གང་ཟག་དེས་རྩེ་གཅིག་ཏུ་གསོལ་བ་བཏབ་ན། ཚེ་འདིའམ་བར་དོ་སོགས་ལ་སངས་རྒྱས་སྦྱིན་ནུས་པ་གཅིག་དགོས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །བླ་མའི་སྐད་དོད་ལ་གུ་རུ་ཞེས་པ་འབྱུང་ཞིང། དེའི་སྒྲ་ལས་དྲངས་ན་ལྕི་བ་སྟེ། དགེ་སློང་མའི་ལྕི་བའི་ཆོས་ལ་བླ་མའི་ཆོས་ཞེས་བསྒྱུར་བ་ལྟར་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་ན་བླ་མ། སློབ་མས་གསོལ་བ་ཕུར་ཚུགས་སུ་བཏབ་ན། ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱས་འབྱིན་པར་ནུས་པས་དམ་པའོ། །རང་ཉིད་ལ་བླ་མེད་ཀྱི་དབང་རྫོགས་པར་བསྐུར་བའི་གསུམ་ལྡན་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ནི། སློབ་མ་དེའི་བླ་མ་དམ་པ་ཡིན་ཏེ། དེས་དེ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ན་ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱས་འབྱིན་ནུས་པའི་ཕྱིར། རྒྱུད་ཙམ་བཤད་པའི་བླ་མ་རྡོ་རྗེ་སློབ་དཔོན་སོགས་དང། ཉན་ཐོས་ལུགས་དང། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་ཆོས་ཙམ་བཤད་པའི་བླ་མ་ནི། སློབ་མ་དེའི་བླ་མ་དམ་པ་མ་ཡིན་ཏེ། དེས་དེ་ལ་གསོལ་བ་བཏབ་པ་ལས་བྱིན་རླབས་ཅུང་ཟད་འབྱུང་ཡང། མྱུར་དུ་སངས་རྒྱས་འབྱིན་པའི་ནུས་པ་མེད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
|