49068
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བླ་མ་དྲག་པོའི་ཐུགས་སྒྲུབ་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེའི་འཁོར་ལོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཡུམ་ཆེན་གྱི་ཤེས་རབ་མ་མཁར་ཆེན་བཟས༔ སློབ་དཔོན་གྱི་གསུང་བཞིན་དུ་ལྷོ་བྲག་མཁར་ཆུ་དཔལ་གྱི་སྣ་རྒྱུན་མར་བྲིས་ཏེ་ད་ལ་སྟོང་གི་བྲག་ལ་སྦས་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་སྤྱན་དྲངས། འདིའི་ནང་དོན་ལ། ཏིང་འཛིན་རྣམ་པ་གསུམ་གྱི་ངང་ནས་ལྷ་བསྐྱེད་པའི་རིམ་པ་བསྟན་པ། |