49071
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བླ་མ་དྲག་པོའི་ལས་ཚོགས་བསྐང་བཤགས་དྲག་པོ་ཤེལ་གྱི་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་དུ། བླ་མ་དྲག་པོའི་ལས་ཚོགས་བསྐང་བཤགས་དྲི་མེད་ཤེལ་གྱི་ཕྲེང་བ་ཞེས་བྱ་བ༔ དབྱངས་ཅན་གྱི་རྣམ་པར་འཕྲུལ་པ་མཁར་ཆེན་བཟས་དཔལ་གྱི་ཕུག་རིང་གཟིམ་ཁང་དུ་ཤོག་སེར་ལ་བྲིས་པའོ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་དུས་ཀྱི་སྙིགས་མ་ལ་སྔགས་ཀྱི་སྒོར་བཞུགས་ཤིང་དབང་དམ་ཚིག་གི་གདམས་པ་རྫོགས་པར་ཞུས་ནས་དམ་ཚིག་མི་བསྲུང་བར་བླ་མ་ལོག་པར་སྒོམ་པ་དང་། རྒྱུ་འབྲས་ཁྱད་དུ་གསོད་པ་དང་། མཆེད་གྲོགས་ནང་དམེ་བྱེད་པའི་དུས་སུ་མཁའ་འགྲོ་ཆོས་སྐྱོང་རྣམས་ཐུགས་འཁྲུགས་ཏེ་དེའི་རྐྱེན་གྱིས་ཉམས་པ་ཅན་དེ་དག་བློ་ལས་སུ་མི་རུང་ཞིང་ནད་མང་བ། སྒྲུབ་པ་ལ་རྟགས་དང་ནུས་པ་མེད་པ་སོགས་འབྱུང་བས། དམ་རྫས་སྣ་ཚོགས་ལ་བརྟེན་ནས་དེ་དག་གསོ་བ་དང་བཤགས་པར་བྱ་བའི་ཚུལ་བསྟན། |