49094
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བླ་མ་ཡི་དམ་མཁའ་འགྲོའིི་བསྐང་བཤགས་དྲི་མེད་རབ་གསལ། ཞེས་བྱ་བ་སྟེ། གཏེར་གཞུང་དུ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཇོ་མོ་མཁར་ཆེན་བཟའ་ལ་གདམས་པའོ༔ ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་སྙིགས་མའི་དུས་སུ་སྔགས་ཀྱི་སྒོར་བཞུགས་རྣམས་ཀྱིས་དམ་ཚིག་ཚིག་ཚུལ་བཞིན་མི་བསྲུང་བར་རྒྱུ་འབྲས་ཁྱད་གསོད་བྱས་པ་ལས། ཚེ་འདི་ལ་ཚེ་ཐུང་ཞིང་ནད་མང་བ་དང་། ཕྱི་མར་ཡང་དམྱལ་བར་ལྟུང་བའི་རྒྱུར་གྱུར་པའི་ཉམས་ཆག་བྱུང་བ་རྣམས་རྩ་བ་གསུམ་གྱི་ལྷ་ཚོགས་ལ་དམ་རྫས་བདུད་རྩིའི་མཆོད་པ་སོགས་ཀྱི་སྒོ་ནས་བསྐང་བཤགས་ཇི་ལྟར་བྱ་ཚུལ་བསྟན། |