49101

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་མ་རྒྱལ་བ་གྲགས་པ་འམ་ཤེས་རབ་བྱང་ཆུབ་ (1)
Part of speech མིང་ཚིག
Definition འབའ་རོམ་པའི་གཅེན་པོ་ཉི་ཁྲི་ལ་སྲས་བཞི་ཡོད་པའི་འབྲིང་བ་རུ་རབ་བྱུང་གསུམ་པའི་ལྕགས་མོ་གླང་ཕྱི་ལོ་ ༡༡༨༡ ལོ་ལ་སྐུ་འཁྲུངས། རྗེ་ཉིད་དང་འབྲི་གུང་ཆོས་རྗེ་ལ་གཏུགས་པས་ཡོན་ཏན་དཔག་ཏུ་མེད་པ་མངའ། དགུང་ལོ་ཉི་ཤུ་རྩ་བརྒྱད་འབྲུག་གི་ལོ་ལ་བྱང་འབའ་རོམ་གྱི་གདན་སར་བྱོན། ཁོང་གི་རིང་ལ་ཏི་ཤྲཱི་རས་པས་དངུལ་གྱི་སྒོ་མང་གིས་ཐོག་དྲངས་ནས་འབུལ་ཆེན་བཅུ་གསུམ་བྱུང་། གྲྭ་པ་ལྔ་བརྒྱ། མཛོ་ལྔ་བརྒྱ་བཟུང་ནས་རྔོད་ཨ་ལ་ནས་ཤིང་ལན་གཉིས་དྲངས་ནས་གསེར་འབུམ་ཆེན་མོ་བཞེངས། གདན་ས་ལོ་སུམ་ཅུ་མཛད། དགུང་ལོ་ལྔ་བཅུ་ང་བརྒྱད་པ་རབ་བྱུང་བཞི་པའི་ཕྱི་ལོ་ ༡༢༣༨ ས་ཕོ་ཁྱི་ལོ་ཟླ་བ་བཞི་པའི་ཚེས་ལྔ་ལ་གཤེགས་སོ། །