49179

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་རྒྱན་ (1)
Part of speech མིང་ཚིག
Definition བོན། ཡི་དམ་གྱི་དཀྱིལ་འཁོར་དང་དཔོན་གསས་བླ་མའི་བཞུགས་ཁྲིའི་སྟེང་ངམ་བླ་ནས་དར་དང་གོས་ཆེན་སོགས་ཀྱི་ཡོལ་བ་མཛེས་པར་དབུབ་ཅིང་བརྒྱན་པ་དེ་ཡིན་ལ། མིང་གཞན་ལའང་གནམ་ཡོལ་ཞེས་བྱ་སྟེ། དབལ་མོ་ལས་ཐིག་ལས། དེ་ལ་དང་པོ་བླ་རྒྱན་ནི། དཀྱིལ་འཁོར་ཆེན་པོའི་སྟེང་ནས་ནི། དར་ཚོན་སྣ་ལྔའི་གུར་ཆེན་ནམ། ཟ་འོག་གམ་ནས་རས་ཉིད་ལ། གནམ་ཡོལ་མཛེས་པ་བྲིིས་ལ་དབུབ། དེ་ལྟར་བླ་ནས་ཕུབ་པ་ཡིས། ཤིན་ཏུ་བྱིན་དང་ལྡན་འགྱུར་ཞིང་། ཐུགས་རྗེས་བླ་ནས་སྐྱོབས་པའོ། །ཞེས་པས། དེ་ལྟར་ཕུབ་པའི་དགོས་པ་ནི། གཟི་བྱིན་དང་ལྡན་ཞིང་ཐུགས་རྗེས་གདུལ་བྱ་རྣམས་ལ་བླ་ནས་སྐྱོབས་པའི་བརྡ་དོན་ཡོད་པར་གསུངས་སོ། །
Domain ཆོས་ལུགས།