49356

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བློ་བཟང་ཚུལ་ཁྲིམས་དཔལ་ལྡན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༨༤ པ་དང་དགའ་ཁྲི་ ༨༥ པ་ཁྲི་བྱང་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན་ནི། ཕྱི་ལོ་ ༡༨༣༩ ས་ཕག་ལོར་སྟོད་ལུང་རག་སྐོར་དུ་འཁྲུངས། དགའ་ལྡན་ཤར་རྩེར་གསན་སྦྱོང་མཛད། དེ་ནས་རིམ་བཞིན་རྒྱུད་སྟོད་དང་ཤར་རྩེ་ཆོས་རྗེར་ཕེབས་ནས་ཕྱི་ལོ་ ༡༨༩༦ མེ་སྤྲེལ་ལོར་དགའ་ཁྲིར་ཕེབས་ཤིང་། ཁྲི་ལོ་དྲུག་བསྐྱངས། ལྕགས་གླང་ཟླ་ ༤ ཚེས་ ༢༥ ཉིན་དགའ་ལྡན་གླིང་དུ་ཞབས་བསྐོར་ཕེབས་ཏེ་ཁྲི་ཐོག་ཁང་དུ་འཁོར་ཉེའི་མཚམས་ཆོས་རཱའི་ལྟག་སྒོའི་འགྲམ་དེར་ཞབས་སྟེགས་ཐོག་བཞུགས་ནས་ཞལ་ནུབ་ཕྱོགས་ཀྱི་ནམ་མཁར་གཟིགས་ཏེ། ཧ་ཧ་དགའ་ལྡན། དགའ་ལྡན་ཞེས་གསུངས་མུས་ས་གནས་དེ་རང་ལ་གློ་བུར་དུ་སྐུ་གཤེགས། སྐུ་གདུང་ཞུ་འབུལ་ཞུས་པར་ཐུགས་ལྗགས་སྤྱན་གསུམ་མེ་མ་བཞེས་པར་བཞུགས་པ་ཆ་ཕྲེང་དུ་གདན་དྲངས།