49499
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། བདེ་བར་གཤེགས་པ་སྟེ་ཚོགས་གཉིས་ཀྱི་ལམ་བདེ་བ་ནས་འབྲས་བུ་སྐུ་བཞིར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། འཁོར་ལོས་སྒྱུར་རྒྱལ་གྱི་བློན་པོ་རིན་པོ་ཆེ་ནི་མདོག་དམར་པ་མཁས་ཤིང་གསལ་བ། ཡིད་གཞུངས་པས་ཕྱི་ནང་གི་མདུན་གྲོས་བྱེད་པ། རྒྱལ་པོས་བསམ་པ་ཙམ་གྱིས་བསྐོར་བར་བྱ་བའི་དཔུང་བསྒོ་བ་འདི་ཕུལ་བས་ཕྱི་བྱ་བ། ནང་སྤྱོད་པ། གསང་བ་རྣལ་འབྱོར་གྱི་རྒྱུད་གསུམ། ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་དང་ལྡན་པའི་བློན་པོས་རྒྱལ་སྲིད་མི་ཉམས་པ་སྐྱོང་བ་ལྟར། བསམ་ཡས་ཏེ་བསམ་ལས་འདས་ཤིང་མཐའ་ཡས་པའི་སངས་རྒྱས་ཀྱི་བསྟན་པ་ཚུལ་བཞིན་དུ་རབ་ཏུ་འཛིན་པའི་བློན་པོར་རྙེད་གྲགས་སོགས་ཡོན་ཏན་ཐམས་ཅད་འབྱུང་བ་དང་འདྲ་བས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་ཤོག་ཅིག་པའོ། །མ་ཧཱ་ཏ་བློན་པོའོ། །རྡོ་རྗེ་བསྡམས་པའི་གུང་མོ་དང་མཐའ་བཞི་གཤིབས་ཏེ་བསྒྲེང་བ་བློན་པོའི་ཕྱག་རྒྱའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |