49906

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:33, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡང་ཡིན། རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་ལས་ཉོན་དབང་གིས་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་མ་ངེས་པར་སྐྱེ་བ་བཞི་ཚུན་ཆད་དུ་མྱ་ངན་ལས་འདའ་བར་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་དེ་མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པའི་མཚན་ཉིད་ཡིན། འོ་ན། དེ་སྲིད་པ་ལན་བདུན་པ་བ་མིན་པར་གྱུར་རོ་ཞེ་ན། སྐྱོན་མེད་དེ། མཆོག་ཏུ་ཐོགས་ན་སྐྱེ་སྲིད་ལན་བདུན་ལེན་པར་སྲིད་ཀྱི། བརྒྱད་པ་ཕན་ཆད་ལེན་པར་མེད་པའི་རྒྱུ་མཚན་གྱིས་སྲིད་པ་ལན་བདུན་པ་བ་ཞེས་བརྗོད་པའི་ཕྱིར།
Domain ཆོས་ལུགས།
མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ (2)
Part of speech མིང་ཚིག
Definition མངོན་པ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཡང་ཡིན། འདོད་པར་ལས་ཉོན་གྱི་དབང་གིས་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིགས་སུ་གནས་པའི་གང་ཟག་ཏུ་དམིགས་པ། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བའི་མཚན་ཉིད།