49926
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་ཇོ་ཉེར་བཞིའི་ཡ་གྱལ་སྟེ། འཁྲུངས་ཡུལ་ཤྲཱི་ཆུ་བཟངས། ཕ་མ་ལ་མདོ་སྡེ་ཡོད་པའི་གཅེས་ཕྲུག་མ་ཞིག་ཡིན་ཀྱང་། དམ་པ་ལ་དད་པས་བུ་མོ་བརྒྱད་དགུ་ཙམ་དང་འགྲོགས་ནས་དམ་པའི་མདུན་ཕྱིན་ནས་གདམས་ངག་ཞུས་ཏེ་ཕྱིར་ཡུལ་དུ་ཕེབས། ལོ་དགུ་བསྒོམས་པས་རྟོགས་པ་ཤར། མ་ཇོ་སངས་རྒྱས་སྐུ་གཤེགས་པའི་ཚེ་དམ་པས་མཁྱེན་ནས། ཀུན་དགའ་ལ་ཁྱོད་ཀྱི་ཐོ་སྐོར་དུ་སངས་རྒྱས་དང་འཕྲད་པའི་མི་གཅིག་འཆི་བཞིན་འདུག་པ་དེ་ཁྱོད་ཀྱིས་ངོས་སམ་གསུང་། ཀུན་དགས་དེ་དམ་པ་རང་ཉིད་མ་ལགས་སམ་ཞུས་པས། ང་མིན། ང་དང་འདྲ་བ་གཅིག་འདུག་གསུང་། ཨེན་ཙམ་ན་ཇོ་མོ་སངས་རྒྱས་གྲོངས་ནས་སྤུར་སྦྱངས་པས་འཇའ་འོད་ཀྱིས་ཁེངས་སོ།། |