49949

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ཎི་བ་བློ་གྲོས་བཟང་པོ་སྐུ་ཕྲེང་བརྒྱད་པ་ཀུན་ཁྱབ་ཉི་མ་འགྱུར་མེད་ (1)
Part of speech མིང་ཚིག
Definition ཁོང་ནི། ཁམས་རི་བོ་ཆེ་སྤང་རི་གྲོང་དུ། ཡབ་དོན་འགྲུབ་དབང་རྒྱལ་དང། ཡུམ་རྟ་མགྲིན་སྒྲོལ་མ་གཉིས་གྱི་སྲས་སུ་ལྕགས་ཁྱི་ ༡༩༧༠ ལོར་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས། གྲུབ་ཆེན་ཀར་ནོར་སོགས་ཀྱིས་ངོས་འཛིན་གནང། ལྕགས་ལུག་ ༡༩༩༡ ལོར་རྡོ་དགོན་འབྲུག་རྒྱལ་ཆོས་འཁོར་གླིང་དུ་གདན་དྲངས་ཏེ། གསེར་ཁྲི་ལ་མངའ་གསོལ་ཞུས། ནང་ཆེན་ཨ་ལྡེའུ་རིན་པོ་ཆེའི་མདུན་ནས་འབྲུག་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་ཁྲིད་ལུང་དབང་བཅས་ཆ་ཚང་ཞུས། ནང་ཆེན་སངས་རྒྱས་བསྟན་འཛིན་མཆོག་གི་མདུན་ནས་གཏེར་གསར་ཆོས་སྐོར་གྱི་དབང་ལུང་ཁྲིད་བཅས་ཞུས། ཀ་ཐོག་མཁན་ཆེན་ཨ་འཇམ་རིན་པོ་ཆེའི་མདུན་ནས་རྙིང་མ་བཀའ་མའི་དབང་ལུང་ཁྲིད་བཅས་ཞུས། རི་བོ་ཆེ་ཉི་མ་སྤྲུལ་སྐུའི་མདུན་ནས་རཏྣ་གླིང་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་བཅས་ཞུས། ད་ལྟ་སྐུ་འཚོ་བཞིན་བཞུགས་པ་བཅས་སོ། །