From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མ་ཐོབ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་བྱ་དེ་གང་ཟག་དེའི་རྒྱུད་ལ་མི་ལྡན་པར་བྱེད་པའི་རྫས་ཤིག་སྟེ། མཚན་ཉིད། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། མ་ཐོབ་པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། ཐོབ་བྱ་དེ་གང་ཟག་དེའི་རྒྱུད་ལ་ལྡན་པ་ལ་གེགས་བྱེད་པའི་རྫས་ཤིག་ལ་འཇོག་པའི་ཕྱིར། ཞེས་གསུངས། དེ་ལ་དབྱེ་ན། རྙེད་པའི་མ་ཐོབ་པ་དང་། ལྡན་པའི་མ་ཐོབ་པ་གཉིས།
|
| Domain
|
ཆོས་ལུགས།
|
མ་ཐོབ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མ་ཐོབ་པའི་ཁྱད་ཆོས་ཡོད་དེ། ངོ་བོ་མ་སྒྲིབ་ལུང་མ་བསྟན་ཡིན་པ་ཐོབ་བྱ་འདས་པ་དང་མ་འོངས་པའི་མ་ཐོབ་པ་དུས་གསུམ་ཆར་ཡོད་ལ། ཐོབ་བྱ་ད་ལྟར་བའི་མ་ཐོབ་པ་ད་ལྟར་བ་མེད་པ་དང་ཁམས་གསུམ་གང་རུང་དུ་གཏོགས་པ་དང་། ཟག་མེད་ཀྱི་ལམ་གྱི་མ་ཐོབ་པ་སོ་སོ་སྐྱེ་བོར་འདོད་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་འགྲེལ་ལས། མ་ཐོབ་པ་ཐམས་ཅད་ནི་མ་སྒྲིབ་པ་ལུང་མ་བསྟན་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། རང་འགྲེལ་ལས། ད་ལྟ་བྱུང་བའི་མ་ཐོབ་པ་ད་ལྟར་བྱུང་བ་ནི་མེད་དོ། །འདས་པ་དང་མ་འོངས་པ་དག་གི་ནི་དུས་གསུམ་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁམས་གསུམ་གང་དུ་གཏོགས་པ་ཡང་འདོོད་ཁམས་པའི་གང་ཟག་གི་རྒྱུད་ལ་ཆོས་གང་གི་མ་ཐོབ་པ་ཡོད་ཀྱང་འདོད་ཁམས་སུ་གཏོགས་ཤིང་དེས་གཞན་གཉིས་ལ་ཡང་རིགས་འགྲེ།
|