50003

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་དག་པའི་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ལོག་པའི་ཆོས་ལ་དགའ་བ་དང། །ཐོས་བསམ་བསྒོམ་གསུམ་ནོར་བ་ལ། །བརྩོན་འགྲུས་ཆེན་པོ་བྱེད་པ་སོགས། །མ་དག་པ་ཡི་བརྩོན་འགྲུས་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ལོག་པའི་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་པའི་འབད་པ་དང། ཐར་པའི་ལམ་དུ་རློམ་ནས་དཀའ་སྤྱད་དྲག་པོ་བྱེད་པ་ལ་སོགས་མ་དག་པའི་བརྩོན་འགྲུས་ཡིན་ཏེ། ཐོགས་མེད་ཞབས་ཀྱིས། ཆོས་འདི་པ་ལས་གཞན་པའི་མུ་སྟེགས་བྱེད་དག་གི་བརྩོན་འགྲུས་ནི་ལེ་ལོ་ཉིད་དོ། །ཞེས་པ་ལྟར་འཇིག་རྟེན་ན་གྲགས་པའི་འཐབ་མོ་དང་ཚོང་ལ་བརྩོན་པ་ལ་སོགས་པ་རྣམས་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། བྱ་བ་ངན་ཞེན་གྱི་ལེ་ལོོ་ཡིན་པའི་ཕྱིར་རོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་དག་པའི་བརྩོན་འགྲུས་

|; |@@@ | | }}