50009

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་དག་པའི་སྙིང་རྗེ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ནད་པ་དགའ་བའི་ཁ་ཟས་སྟེར། །ངན་པར་སྤྱོད་པ་ཚར་མི་གཅོད། །དབང་བསྐུར་མེད་པར་གསང་སྔགས་སྟོན། །སྣོད་མིན་པ་ལ་ཆོས་འཆད་སོགས། །འཕྲལ་ལ་ཕན་པ་ལྟར་སྣང་ཡང། །ཕྱི་ནས་གནོད་པ་ཆེར་འགྱུར་བས། །སྙིང་རྗེའི་དབང་གིས་བྱེད་ན་ཡང། །མ་དག་པ་ཡི་སྙིང་རྗེ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ནད་གཡོག་གིས་སྨན་པ་མཁས་པས་བཀག་པའི་ཟས་སྐོམ་ཕྲལ་དུ་ཕན་པར་བསམས་ནས་སྟེར་བ་དང། འཁོར་དང་སློབ་མ་ངན་པ་སྤྱོད་པ་མི་འཆོས་པ་དང། དབང་བསྐུར་མ་ཐོབ་པ་ལ་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་སྟོན་པ་དང། སྣོད་དུ་མི་ལྡན་པ་ལ་བསྟན་དུ་མི་རུང་བའི་ཆོས་འཆད་པ་བཀག་སྟེ། དངོས་སུ་ཅུང་ཟད་འཕྲོད་པར་སྣང་ཡང་ཡུན་རིང་པོར་གནོད་པ་ཆེན་པོའི་རྒྱུར་འགྱུར་བ་རྣམས་ད་ལྟ་སྡུག་བསྔལ་དང་བྲལ་འདོད་ཙམ་གྱིས་བྱེད་ན་ལོག་པ་ཡིན་ནོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་དག་པའི་སྙིང་རྗེ་

|; |@@@ | | }}