50014

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་དག་པའི་སྨོན་ལམ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། བདག་ལྟའི་རྩ་བ་མ་ཆོད་ཅིང། །འཁོར་འདས་གཉིས་ལ་སྨོན་པ་ཅན། །དགེ་བ་ལ་ནི་ངོ་མཚར་བལྟ། །ཆོས་ཀུན་སྤྲོས་བྲལ་མི་ཤེས་པས། །སངས་རྒྱས་ཉིད་དུ་བསྔོ་ན་ཡང། །མ་དག་པ་ཡི་སྨོན་ལམ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། འཁོར་བར་འཁྱམས་པའི་རྩ་བ་ངོ་མ་ཤེས་པས་དེའི་གཉེན་པོ་དམ་པའི་ཆོས་བྱེད་ཚུལ་རྨོངས་པར་གྱུར་ཏེ། འཁོར་བའི་རྒྱུ་ལ་སངས་རྒྱས་ཀྱི་ལམ་དུ་བཟུང་ནས་སྨོན་ལམ་འདེབས་པ་དང། རྟེན་འབྲེལ་གྱི་ཆོས་རྣམས་རང་བཞིན་གྱིས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་མ་ཤེེས་པས་དགེ་བ་སངས་རྒྱས་སུ་བསྔོ་བ་ཡང་མ་དག་པའི་སྨོན་ལམ་དུག་དང་བཅས་པ་ཡིན་ནོ། །བསྔོ་བ་དང་སྨོན་ལམ་དོན་གཅིག་སྟེ། བཟང་སྤྱོད་དུ། བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །ཞེས་པ་དང། སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །ཞེས་གསུངས་སོ། །འོན་ཀྱང་འབྲས་བུ་གྱ་ནོམ་པ་ལ་ཐོབ་པར་སྨོན་པ་དང། དམིགས་ཡུལ་གྱི་དགེ་བ་དོན་བཟང་པོའི་རྒྱུར་བསྒྱུར་བར་བྱེད་པ་ཡིན་པར་བཞེད་དོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། འཁོར་བར་འཁྱམས་པའི་རྒྱུ་བདག་ཏུ་ལྟ་བའི་རྩ་བ་མ་རིག་པ་མ་ཆོད་ཅིང་། འབྲས་བུ་འཁོར་འདས་གཉིས་པོ་གང་རུང་ལ་སྨོན་པ་ཅན་བསྔོ་བྱའི་དགེ་བ་ནི་ངོ་མཚར་བར་ལྟ་བའི་བསྔོ་བ། སངས་རྒྱས་ཉིད་དུ་བསྔོ་ན་ཡང་མ་དག་པའི་བསྔོ་བ་ཡིན་ཏེ། ཆོས་ཀུན་རང་བཞིན་གྱིས་སྤྲོས་དང་བྲལ་བར་མ་ཤེས་པས་བསྔོ་བ་དུག་ཅན་ཡིན་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་དག་པའི་སྨོན་ལམ་

|; |@@@ | | }}