50047

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་དྲོས་པ་ (1)
Part of speech མིང་ཚིག
Definition མཚོ་མ་དྲོས་པ་སྟེ། འཕགས་པའི་ཡུལ་གྱི་དབུས་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་མཚམས་སུ་གངས་རི་སྟེ་རི་བོ་གངས་ཅན་ཞེས་བྱ་བ་ཡོད་ཅིང་། དེའི་བྱང་ན་རི་བོ་སྤོས་ངད་ལྡན་པ་ཡོད་ལ། དེ་གཉིས་ཀྱི་བར་དུ་སྔོན་བྲམ་ཟེ་དུས་དཔོག་ཅེས་བྱ་བས་ལྷ་དང་འཁོར་ལོས་སྒྱུར་བ་ཐོབ་བྱེད་ཀྱི་མཆོད་སྦྱིན་བྱས་པའི་འབྲས་ཁུ་དྲོན་མོ་ཕོ་བ་མ་དྲོས་པ་ལྟར་གྱུར་བ་ལ་དྲོས་པ་ཞེས་གྲགས་པ་ཀླུའི་རྒྱལ་པོ་མ་དྲོས་གནས་པའི་མཚོ། སྨན་དང་རིན་པོ་ཆེ་དང་ནགས་ཚལ་དང་ཆུ་ཀླུང་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུར་མཉམ་པ་ཡོད་ལ་དེའི་ཕྱོགས་བཞི་ན་ཆུ་བཞི་འབབ་པར་གྲགས་སོ། །

{{#arraymap:མ་དྲོས་པ་

|; |@@@ | | }}