50049
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚོ་བསིལ་མོ་ཞེས་པའི་དོན་ཏེ། མཚོ་མ་ཕམ་གྱི་མིང་གཞན་ཡིན། དེ་ནི་སྟོད་མངའ་རིས་ཡུལ་གྱི་གངས་ཏི་སེའི་འདབས་སུ་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྤྱི་ཁྲུ་ ༤༥༨༨ མཚམས་སུ་ཡོད། ནང་པ་དང་ཧིན་རྡི་གཉིས་ཀས་རྩ་ཆེན་དུ་བརྩིས་ནས་མཚོ་སྐོར་དུ་འགྲོ་སྲོལ་ཡོད། མཚོ་འདིའི་གནས་བཤད་ཞིབ་མོ་འབྲི་གུང་གདན་རབས་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་ཤེལ་དཀར་མེ་ལོང་ཞེས་པའི་ནང་དུ་ཡོད་ཅིང་། ངག་འཕྲིན་གྱིས་མཛད་པའི་གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་ཞེས་པར། སྔོན་སྨྱིག་སྦལ་ཞེས་པའི་འཁོར་སྒྱུར་ཞིག་བྱུང་སྟེ། རྒན་པོ་དང་ནད་པ་དང་ཤི་བའི་རོ་རྣམས་མཐོང་བའི་རྐྱེན་གྱིས། སེམས་སྡུག་གིས་མནར་བ་ན། བྲམ་ཟེ་དུས་དཔོག་གིས་འཇིག་རྟེན་རང་རང་གི་འབྲས་བུ་ལ་སྤྱོད་པ་ལ་ཡིད་མི་བདེ་བར་མི་རིགས་ཤིང་། སེམས་ཅན་ལེགས་པའི་ལས་སྤྱད་པ་རྣམས་མཐོ་རིས་སུ་སྐྱེ་བར་འགྱུར་ལ། འཁོར་སྒྱུར་རྣམས་ཀྱང་དེ་འདྲ་བ་ཡིན་པས། ཁྱོད་ཉིད་ཕྱི་མ་མཐོ་རིས་སུ་སྐྱེ་བར་འགྱུར་བ་གདོན་མི་ཟ་ཡང་། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པའི་མཆོད་སྦྱིན་མཛོད་ཅིག་ཅེས་བསྐུལ་བ་ལྟར། རྒྱལ་པོས་མཆོད་སྦྱིན་རྒྱ་ཆེན་པོ་བྱས་ནས་འབྲས་བཙོས་པའི་ཁུ་བ་དྲོན་པོ་རྣམས་འཕོ་སའི་དོང་བརྐོས་ནས། དེར་འབྲས་བཙོས་པའི་ཁུ་བ་དྲོན་པོ་བླུགས་པ་རྣམས་བསིལ་བར་གྱུར་ནས་མ་དྲོས་པ་ཞེས་པའི་མཚོར་གྱུར། ཅེས་དང་། ཡང་ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་པ་དེ་གནས་པའི་ཡུལ་ཡིན་པས། རྟེན་ལ་བརྟེན་པའི་མིང་གིས་བཏགས་པ་དང་། ཚ་བ་འཇོམས་པས་ན་མ་དྲོས་པ་ཞེས་བྱེད་ལས་ཀྱི་ཆ་ནས་བཏགས་ཚུལ་ཡང་བཤད་དོ། ། |
Synonyms | མཚོ་མ་དྲོས་པ། གཡང་ཊིའི་མཚོ། འབྲས་ཁུའི་ཆུ། མཚོ་མ་ཕམ་པ། མ་ཕམ་གཡུ་མཚོ། ཁ་འབབ་བཞིའི་འབྱུང་གནས། |
{{#arraymap:མ་དྲོས་མཚོ་
|; |@@@ | | }}