50099

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ནིང་གི་ཡི་གེ་ (1)
Part of speech མིང་ཚིག
Definition ཁ་ཆ་ཐ་ཕ་ཚ་ལྔ་པོ་ནི། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མ་ནིང་གི་ཡི་གེ་ཡིན་ལ། ཡི་གེ་དེ་དག་རེ་རེ་བཞིན་ཁ་ནས་བརྗོད་པའི་ཚེ། ཡི་གེ་རེ་རེའི་སྐྱེ་གནས་མགྲིན་པ་དང་། སོ། མཆུ། རྐན་སོགས་བྱེད་རྩོལ་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་སྒྲ་རན་པ་རྣམས་ལ་མ་ནིང་གི་བརྡ་སྦྱར་བ་ཡིན་ལ། དེ་དག་རེ་རེ་ལ་ཡང་སྐྱེ་གནས་དང་བྱེད་པ་མི་འདྲ་བ་ཡོད། ཁ་ཡིག་གི་སྐྱེ་གནས་ནི་མགྲིན་པ་དང་། བྱེད་པ་ནི་ལྕེའི་རྩ་བ་ཡིན། ཆ་ཡིག་གི་སྐྱེ་གནས་ནི་རྐན་དང་བྱེད་པ་ནི་ལྕེའི་རྩེ་མོ་དང་ཉེ་བ། ཐ་ཡིག་གི་སྐྱེ་གནས་ནི་སོ་དང་། བྱེད་པ་ནི་ལྕེའི་རྩེ་མོ། ཕ་ཡིག་གི་སྐྱེ་གནས་ནི་མཆུ་དང་། བྱེད་པ་ནི་མཆུ་སྦྱར་ཞིང་བཙུམ་པ། ཚ་ཡིག་གི་སྐྱེ་གནས་ནི་སོ་དང་རྐན། བྱེད་པ་ནི་ལྕེ་རྩེ་དང་ཤིན་ཏུ་ཉེ་བ་བཅས་ཡིན།
Domain སྒྲ་རིག་པ།

{{#arraymap:མ་ནིང་གི་ཡི་གེ་

|; |@@@ | | }}

མ་ནིང་གི་ཡི་གེ་ (2)
Part of speech མིང་ཚིག
Definition ག་ད་གཉིས་པོ་ནི། སྔོན་འཇུག་གི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མ་ནིང་གི་ཡི་གེ་ཡིན། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་འབྱེད་སྟངས་དང་མ་འདྲ་བར་སྔོན་འཇུག་གི་ཡི་གེ་གང་གིས་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་གང་ལ་འཇུག་པའི་ཚེ་དེའི་སྒྲ་རྩོལ་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ལ་བརྟེན་ནས་ཕྱེས་པ་ཡིན།

{{#arraymap:མ་ནིང་གི་ཡི་གེ་

|; |@@@ | | }}

མ་ནིང་གི་ཡི་གེ་ (3)
Part of speech མིང་ཚིག
Definition ན་ར་ལ་གསུམ་པོ་ནི། རྗེས་འཇུག་གི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མ་ནིང་གི་ཡི་གེ་ཡིན། སྐབས་འདིའི་དབྱེ་བ་འབྱེད་སྟངས་ནི། གོང་གི་དེ་དག་དང་མ་འདྲ་བར་རྗེས་འཇུག་གི་ཡི་གེ་ན་ར་ལ་གསུམ་པོ་དེ་རང་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་གང་དང་གང་ལ་མཉམ་དུ་སྦྱར་ནས་ཀློག་པའི་ཚེ། དེ་ལ་ཡང་འཇུག་ཞུགས་མ་ཞུགས་དང་། རྗེས་འཇུག་ནང་ཕན་ཚུན་འཕྲད་སྟོབས་ཀྱི་དབང་གིས་བྱུང་བའི་སྒྲའི་གདངས་ལ་བརྟེན་ནས་ཕྱེ་བ་ཡིན། དེ་ལ་དབྱེ་ན་ནང་གསེས་གསུམ་ཡོད། འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་བཅས་སོ། །

{{#arraymap:མ་ནིང་གི་ཡི་གེ་

|; |@@@ | | }}

མ་ནིང་གི་ཡི་གེ་ (4)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཡི་གེའི་མིང་དྲུག་གི་བྱེ་བྲག་ཅིག་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། ཡི་གེའི་མིང་དྲུག་ནི། ཕོའི་ཡི་གེ་དང་། མོའི་ཡི་གེ་དང་། མ་ནིང་གི་ཡི་གེ་དང་། སྣང་ལྡན་གྱི་ཡི་གེ་དང་། སྣང་མི་ལྡན་གྱི་ཡི་གེ་དང་། ཀས་མ་ཤིའི་ཡི་གེ་དང་དྲུག་གོ །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མ་ནིང་གི་ཡི་གེ་

|; |@@@ | | }}