50176

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་དགེ་སློང་མའི་སྟོན་པ་ཚུལ་བཞིན་དུ་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་མའི་སྟོན་པ་ཚུལ་བཞིན་དུ་བསྐོས་པ་མ་ཡིན་པས་དགེ་སློང་མ་ལ་ཆོས་སྟོན་པ་ན་དེར་འགྱུར་བའི་ཕྱིར། དགེ་སློང་མའི་སྟོན་པར་བསྐོ་འོས་པའི་དགེ་སློང་ཡོད་དེ། རྒྱལ་ཚབ་ལྟ་བུའི་དགེ་སློང་དེ་བསྐོ་བར་བྱ་བ་ཡིན་པའི་ཕྱིར། བསྐོ་བའི་གནས་དང་དུས་ཡོད་དེ། འཚམས་ཀྱི་ནང་དུ་དང་། གསོ་སྦྱོང་བཅོ་ལྔ་པའི་ཉིན་མོ་བསྐོ་བར་བྱ་བ་ཡིན་པའི་ཕྱིར། རྒྱལ་ཚབ་ལྟ་བུའི་དགེ་སློང་མེད་ན་སྟོན་པར་འོས་པ་ཡང་ཡོད་དེ། སོ་ཐར་གྱི་མདོ་ཐོན་པའི་དགེ་སློང་རྣམ་དག་སོགས་བསྐོ་བར་གསུངས་པའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་མ་བསྐོར་པར་དགེ་སློང་མ་ལ་ཆོས་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོན་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་

|; |@@@ | | }}