50182

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་བསྒྲིབས་ལུང་མ་བསྟན་གྱི་དམིགས་བསལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བའི་ལུགས་ཀྱི་མི་ལྡན་པའི་འདུ་བྱེད་ཐོབ་པ། དེའི་ཁྱད་ཆོས་དུས་ཀྱི་ཁྱད་པར་དམིགས་ཀྱིས་བསལ་བ་གསུམ་གྱི་ཡ་གྱལ་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ནི་ལྷན་ཅིག་སྐྱེ་བ་ཁོ་ན་སྟེ། སྔར་སྐྱེ་བ་ཡང་མེད་ལ་དུས་ཕྱིས་སྐྱེ་བ་ཡང་མེད་དེ། རྣམ་སྨིན་མེད་པས་སམ་འདུས་མ་བྱས་པས་སྟོབས་ཆུང་བའི་ཕྱིར་རོ། །དེས་ན་དེ་དག་གི་ནི་འདས་པ་རྣམས་ཀྱི་ཡང་འདས་པ་ཁོ་ན་ཡིན་ལ། ད་ལྟར་བྱུང་རྣམས་ཀྱི་བར་དུ་ཡང་ད་ལྟར་བྱུང་བ་ཁོ་ན་ཡིན་ནོ། །ཡང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཐམས་ཅད་དེ་ལྟར་མ་ངེས་ཏེ། ལྷའི་མིག་དང་རྣ་བའི་མངོན་ཤེས་ལུང་མ་བསྟན་གཉིས་དང་། སྤྲུལ་བའི་སེམས་ལུང་མ་བསྟན་མ་གཏོགས་རྣམས་ནི་དེ་ལྟར་ངེས་ལ། དེ་གསུམ་ནི་མི་འདྲ་སྟེ། དེ་དག་གི་ཐོབ་པ་ནི་སྔར་དང་ཕྱིས་དང་ལྷན་ཅིག་ཏུ་སྐྱེ་བ་ཡང་ཡོད་དེ། སྦྱོར་བ་དྲག་པོའི་ཁྱད་པར་གྱིས་བསྒྲུབ་དགོས་པས་སྟོབས་ཆེ་བའི་ཕྱིར་རོ། །དེ་བཞིན་དུ་འདུ་བྱེད་ཀྱི་ཁྱད་པར་གྱིས་བསྒྲུབས་པས་ལས་ཐམས་ཅད་པའི་བཟོ་ལྟ་བུ་བཟོ་ཤིན་ཏུ་གོམས་པ་དང་། སྤྱོད་ལམ་ལ་ཤིན་ཏུ་གོམས་པ་བཅོམ་འདས་དང་རྟ་ཐུལ་གྱི་སྤྱོད་ལམ་ལྟ་བུ་ཁ་ཅིག་གི་ཐོབ་པའང་དུས་གསུམ་པར་སྐྱེ་བ་སྲིད་པར་བྱེ་བྲག་སྨྲ་བ་འདོད་དོ། །
Domain ཆོས་ལུགས།

{{#arraymap:མ་བསྒྲིབས་ལུང་མ་བསྟན་གྱི་དམིགས་བསལ་

|; |@@@ | | }}