50196
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མི་དགེ་བ་བཅུའི་ནང་གསེས་ཤིག གཞན་གྱིས་བདག་གིར་བྱས་པའི་ནོར་མཐུ་དང་འཇབ་བུས་བསམ་པས་དེ་བདག་གིར་བྱེད་པའོ། །མ་ལེན་པར་ལེན་པའི་ལས་ཀྱི་ལམ་དུ་འགྱུར་ཚུལ་ནི་འདི་ལྟ་སྟེ། རྐུ་བར་བྱ་བ་གཞི་གཞན་གྱི་བདག་གིར་གཟུང་བའི་དངོས་པོ། བསམ་པ་རྐུ་བར་འདོད་པའི་སེམས་ཀྱིས། སྦྱོར་བ་འཕྲོག་པའི་མཐུ་དང་མ་ཚོར་བར་འཇབ་བ་རང་གིས་དངོས་སུ་བརྐུས་པའམ་གཞན་ལ་རྐུར་བཅུག་ནས། མཐར་ཐུག་དངོས་པོ་དེ་བདག་པོ་དང་ཕྲལ་ནས་བདག་གིར་བྱས་པའོ། །ཚུལ་དེ་ཙམ་གྱིས་མ་བྱིན་པར་ལེན་པ་མི་དགེ་བའི་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་པས་མ་བྱིན་པར་ལེན་པའི་ཉེས་པ་འབྱུང་ངོ་། །འདིར་ཡང་བསམས་བཞིན་དུ་མ་ནོར་བར་ཡིན་དགོས་ཏེ། མ་བསམས་པར་བདག་གི་ནོར་གྱི་བསྲེབ་ཏུ་གཞན་གྱི་ནོར་བླངས་པ་ལ་ནི་ཉེས་པ་མེད་ལ། ནོར་བར་གཞན་གྱི་ནོར་བླངས་པ་ནི་སྦྱོར་བའི་ཉེས་པར་འགྱུར་གྱི་དངོས་པོ་མེད་དོ། །མཆོད་རྟེན་ལས་ཕྲོགས་པ་ནི་སངས་རྒྱས་ལས་མ་བྱིན་པར་བླངས་པ་ཡིན་ཏེ། བཅོམ་ལྡན་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ། །གཞན་དག་གིས། སྲུང་མ་དག་གིས་བདག་གིར་བཟུང་ངོ་ཟེར། བདག་པོ་མེད་པའི་གཏེར་བྲུས་ནི་ཡུལ་གྱི་བདག་པོ་ཡོངས་སུ་བཟུང་ངོ་། །ཤི་བའི་ནོར་བླངས་པ་ནི་ཁྱིམ་པ་ཞིག་ཡིན་ན་ཉེ་དུ་རྣམས་ཀྱིས་བཟུང་ངོ་། །རབ་ཏུ་བྱུང་བ་ཡིན་ན་དགེ་འདུན་གྱིས་བཟུང་བའི་ཕྱིར་དེ་དག་ལས་མ་བྱིན་པར་ལེན་པར་འགྱུར་རོ། ། |
Domain | ཆོས་ལུགས། |
{{#arraymap:མ་བྱིན་པར་ལེན་པ་
|; |@@@ | | }}