50206

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་བྱིན་ལེན་གྱི་སེལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མ་བྱིན་ལེན་གྱི་ལྟུང་བ་དངོས་གཞི་རྫོགས་པ་ལ་ཡན་ལག་གང་རུང་ཞིག་མ་ཚང་བ་ན་དེའི་སེལ་བ་ཞེས་བྱ་ལ། པཎ་ཆེན་འདུལ་བ་ལས། དེ་ལ་ཅིར་འགྱུར་ཡང་ཡོད་དེ། ན་སྨད་དུ་འགྱུར་བ། ཆེས་ན་སྨད་དུ་འགྱུར་བ། ལྟུང་བ་གཞན་དུ་འགྱུར་བ། ལྟུང་མེད་དུ་འགྱུར་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མ་ཆོག་པ་བརྐུས་ནའོ། །ཞེས་འབྱུང་བ་ལྟར། རིན་ཐང་མ་ཚང་བ་ལྟ་བུ་ཡན་ལག་གཅིག་མེད་ན་ཡང་ན་སྨད་དུ་འགྱུར་བའི་ཕྱིར། དེ་ཡང་སོ་སོར་བཤད་དུ་ཡོད་དེ། ཕམ་ལྷག་གི་ན་སྨད་སྦོམ་པོ། སྦོམ་པོ་ལྟུང་བྱེད་སོར་བཤགས་གསུམ་གྱི་ན་སྨད་ཉེས་བྱས། ཉེས་བྱས་ཀྱི་ན་སྨད་ཉེས་བྱས་ཕྲ་མོར་འགྱུར་བའི་ཕྱིར། གཉིས་པ་ཆེས་ན་སྨད་དུ་འགྱུར་བ་ཡོད་དེ། ཕམ་ལྷག་གི་ཆེས་ན་སྨད་ཉེས་བྱས། སྦོམ་པོ་ལྟུང་བྱེད་སོར་བཤགས་གསུམ་གྱི་ཆེས་ན་སྨད་ཉེས་བྱས་ཕྲ་མོ། དེའི་ཆེས་ན་སྨད་ཉེས་བྱས་ཕྲ་མོའི་ཕྲ་མོར་འགྱུར་བའི་ཕྱིར། དེ་ལྟར་བྱས་ན་ཕལ་ཆེར་ཕམ་ལྷག་གི་སྦྱོར་བ་ཡིན་ན། སྦོམ་པོ་ཡིན་པས་ཁྱབ། དེའི་སྦྱོར་བའི་སྦྱོར་བ་ཡིན་ན། ཉེས་བྱས་རགས་པ་ཡིན་པས་ཁྱབ། ཕམ་ལྷག་གི་སྦྱོར་བའི་སྦྱོར་བའི་སྦྱོར་བ་ཡིན་ན། ཉེས་བྱས་ཕྲ་མོ་ཡིན་པས་ཁྱབ་སྟེ། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའོ། །འོག་མ་ལ་ཡང་དེ་བཞིན་ནོ། །ཞེས་པའི་མདོས་གྲུབ་པའོ། །སྦོམ་པོ་ཡིན་ན་ཕམ་ལྷག་གི་སྦྱོར་བའི་སྦོམ་པོ་ཡིན་པས་ནི་མ་ཁྱབ་སྟེ། ཕམ་ལྷག་གང་དུ་ཡང་མི་སྦྱོར་བའི་སྦོམ་པོ་དུ་མ་ཡོད་པས་སོ། །གསུམ་པ་ལྟུང་བ་གཞན་དུ་འགྱུར་བ་ཡོད་དེ། སྲོག་གཅོད་ཀྱི་ཕམ་པ་བསྐྱེད་པའི་ཡན་ལག་ཏུ་དགོས་པའི་མི་གསོད་པའི་ཡན་ལག་མ་ཚང་བ་དུད་འགྲོ་གསད་ན་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ལྟུང་མེད་དུ་འགྱུར་བ་ལ་ཡང་བཞི་ཡོད་དེ། ལྟུང་བ་དངོས་གཞི་མེད་པ་ལ་ལྟུང་མེད་དུ་བྱས་པ། ལྟུང་བ་རྣམ་གཞག་གི་ལྟུང་བ་མེད་པ་ལ་ལྟུང་མེད་དུ་བྱས་པ། སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་པ་ལ་ལྟུང་མེད་དུ་བྱས་པ། ལྟུང་བ་གཏན་ནས་མེད་པ་ལ་ལྟུང་མེད་དུ་བྱས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལུང་ལས། རྫས་ཉུང་ངུ་ཉུང་ངུ་བརྐུས་ན་ལྟུང་མེད་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཉེ་སྡེས་གསོད་སེམས་མེད་པར་མངལ་བླུག་པ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལྷུང་བཟེད་དོ་གསུམ་ལས་ལྷག་པ་ལེན་མི་རུང་བར་གསུངས་པའི་སྐབས་སུ། འབྲུ་རྗེན་པ་ཡིན་ན། དོ་གསུམ་ལས་ལྷག་པ་ལེན་པ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ལ་གཉིས་སུ་ཡོད་དེ། བཅས་རང་མཐའ་དག་གི་ལྟུང་བ་མེད་པ་དང་། བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་གཉིས་སུ་ཡོད་པའི་ཕྱིར། ཞེས་གསུང་།
Domain ཆོས་ལུགས།

{{#arraymap:མ་བྱིན་ལེན་གྱི་སེལ་བ་

|; |@@@ | | }}