50207

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་བྱིན་ལེན་པའི་ཕམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཕམ་པ་བཞིའི་ཡ་གྱལ་ཏེ། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་མ་བྱིན་པར་བླངས་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །དགག་བྱ་ནི། མ་བྱིན་པར་ལེན་པའི་བྱ་བ་དང་འབྲེལ་ནས་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །ངོ་ཏི་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་དབང་བའི་རྫས་མཚན་ཉིད་དང་ལྡན་པ་དེ་རྐུ་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བའི་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། རྟེན་ནི་དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་རུ་གནས་པའོ། །ཡུལ་ནི་མིའི་འགྲོ་བ་པ། རང་ལས་ནོར་ཐ་དད་པའོ། །དངོས་པོ་ནི་རིན་ཐང་ཚང་བའོ། །བསམ་པ་གཉིས་ལས། སྤྱིར་འདུ་ཤེས་མ་འཁྲུལ་བ་དང་། བྱེ་བྲག་ཏུ་ཀུན་སློོང་ནི་ནོར་འདི་ནི་གཞན་གྱི་ཡིན་ཏེ། མ་གནང་ཀྱང་བདག་ཉིད་ཀྱི་ཆེད་དུ་གཏན་དུ་དབྲལ་བ་བྱ་སྙམ་པའོ། །སྦྱོར་བ་ལུས་ངག་ཏུ་གྲུབ་ཅིང་རྐུ་བ་བརྩམས་པའོ། །མཐར་ཐུག་གནས་ནས་སྤོས་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། མ་བྱིན་ལེན་སྤོང་བའི་བསླབ་པ་བཅས་ཕྱིན་ཆད་ཀྱི་དགེ་སློང་ཕ་མ་གང་རུང་གིས་རང་གི་ཉེ་དུ་སོགས་མ་ཡིན་པའི་ནོར་བདག་མི་ལས་རྐུ་སེམས་ཀྱིས་དེ་ལ་དེ་ཡིན་གྱི་འདུ་ཤེས་མ་འཁྲུལ་པས་སྦྱོར་བ་གཅིག་གི་ནང་དུ་རིན་ཐང་ཚང་བའི་དངོས་པོ་མ་བྱིན་པར་བསླངས་ནས་ཐོབ་བློ་སྐྱེས་པའི་ལྟུང་བ་དེ་མ་བྱིན་ལེན་གྱི་ཕམ་པའི་ངོ་བོ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་བྱིན་ལེན་པའི་ཕམ་པ་

|; |@@@ | | }}