50215

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་མ་སྒོ་ལྕགས་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་ཕྲ་ལ་འདྲོང་བ་ཁོང་སྟོང་ཅན་རིང་ཐུང་མཐོ་གང་ཙམ་པ་མང་པོ་མཉམ་དུ་སྐྱེ་བར་ཡལ་ག་མེད་པ་དང༌། ལོ་མ་སྔོ་སྐྱ་རྩེ་རྣོ་ལ་རྩུབ་པ་སྨད་ཆས་སྡོང་རྐང་བཏུམས་ན་སྐྱེ་བ། མེ་ཏོག་རྩྭ་འཇག་མའི་མེ་ཏོག་འདྲ་བ་ལ་དེ་ལས་དཀྱུས་ཐུང་བ་སྙེ་དབྱིབས་བང་རིམ་ཚགས་དམ་པོར་འབྲེལ་བ་རྩེ་མོ་རྣམས་སུ་སྤུ་གྱོང་རྩུབ་ཕྲ་བ་ཡོད་པ། ཡལ་རྗེས་འབྲས་བུ་དཀར་ཞིབ་མང་པོ་ཡོད་པའོ། །དབུས་གཙང་སོགས་ཀྱི་རི་མ་ཐང་གི་ཞིང་གསེབ་དང༌། ལམ་གྱི་གཡས་གཡོན་སོགས་གང་སར་སྐྱེ་བ། ལོ་མ་སྡོང་པོ་མེ་ཏོག་བཅས་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ། སྔོ་ཆོལ་རྨ་ཕབ་རྗེས་བསྐམས་ནས་སྨན་དུ་སྤྱད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་པས་བད་རླུང་གི་ནད་སེལ་བ་ཡིན།
Domain གསོ་རིག

{{#arraymap:མ་མ་སྒོ་ལྕགས་

|; |@@@ | | }}