50280

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་འདྲེས་ (1)
Part of speech མིང་ཚིག
Definition གཞན་སྟོང་དབུ་མ། ཆོས་དབྱིངས་ཀྱི་ཁྱད་ཆོས་ཤིག་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། རིན་པོ་ཆེ་དང་ནམ་མཁའ་དང། ཆུ་རྣམས་རང་བཞིན་གྱིས་དག་པ་བཞིན་དུ་ཆོས་དབྱིངས་དེ་ཡང་དུས་རྟག་ཏུ་ཉོན་མོངས་སོགས་ཀྱི་རང་བཞིན་གྱིས་གོས་པ་མེད་པའོ། །དཔེར་ན་ནམ་མཁའ་དེ་ཕྱི་ནང་གི་དངོས་པོ་ཀུན་ལ་ཁྱབ་ཀྱང། དེ་ཕྲ་བའི་ཕྱིར་དངོས་པོའི་མཚན་ཉིད་ཀྱིས་ནམ་ཡང་གོས་པ་མེད་དེ། ནམ་མཁའ་དེ་མེའི་ཁམས་ལ་ཁྱབ་ཀྱང་དེ་ཉིད་ཚ་ཞིང་བསྲེགས་པའི་ངོ་བོར་མ་བྱས་པ་བཞིན་དུ་ཆོས་དབྱིངས་དེ་སེམས་ཅན་ཐམས་ཅད་ལ་གནས་ཀྱང་སེམས་ཅན་གྱི་རྒྱུད་ཀྱི་འདོད་ཆགས་ཞེ་སྡང་སོགས་ཀྱིས་ནམ་ཡང་གོས་པ་མེད་པའོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:མ་འདྲེས་

|; |@@@ | | }}