50345

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་རིག་པ་ (1)
Part of speech མིང་ཚིག
Definition མིག་གིས་མ་མཐོང་བའི་དོན་ཏེ།
Example སོ་སོས་མིག་གིས་མ་རིག་པ་རྒྱུ་མཚན་དུ་བྱས་ནས་མེད་པར་ཐག་གཅོད་མི་རུང་ལྟ་བུ།

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (2)
Part of speech མིང་ཚིག
Definition འཁོར་བ།
Type མངོན་བརྗོད།

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (3)
Part of speech མིང་ཚིག
Definition བོད་ཟླ་བཅུ་གཉིས་པ།
Domain རྩིས་རིག

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (4)
Part of speech མིང་ཚིག
Definition བྱེ་བྲག་ཏུ་སྨྲ་བས། མ་རིག་པ་ནི་ཚེ་སྔ་མའི་ལས་ཀུན་ནས་སློང་པའི་ཉོན་མོངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །
Domain ཆོས་ལུགས།

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (5)
Part of speech མིང་ཚིག
Definition མངོན་པ་སྨྲ་བའི་མདོ་སྡེ་པའི་ལུགས་ལ། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་སྟེ། རིག་པ་ཡེ་ཤེས་ལས་གཞན་ཙམ་དང་། རིག་པ་ཡེ་ཤེས་བཀག་ཙམ་མ་རིག་པ་ཡིན་ན། མདོ་ལས། མ་རིག་པའི་ཀུན་སྦྱོར་དང་། མ་རིག་པའི་འཆིང་བ་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་ཤེས་རབ་ངན་པ་མ་རིག་པ་ཡིན་ནོ་སྙམ་ན་མིན་ཏེ། ཤེས་རབ་ངན་པ་ནི་ལྟ་བ་ཡིན་ལ། ལྟ་བ་ནི་མ་རིག་པ་དེ་དང་མཚུངས་ལྡན་དུ་བཤད་པས་རྣམ་ཤེས་གཅིག་གི་འཁོར་དུ་ཤེས་རབ་ཀྱི་རྫས་གཉིས་འབྱུང་བ་མི་སྲིད་པའི་ཕྱིར་རོ། །

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (6)
Part of speech མིང་ཚིག
Definition ཚད་མ་སྨྲ་པའི་མདོ་སྡེ་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་མ་རིག་པར་འདོད་དོ། །

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (7)
Part of speech མིང་ཚིག
Definition དབུ་མ་པས་རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་སེམས་བྱུང་རྨོངས་པ་གང་ཞིག ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་ནུས་པ་དེ་འདིར་བསྟན་མ་རིག་པའི་མཚན་ཉིད། དབྱེ་ན། ལས་འབྲས་ལ་རྨོངས་པའི་དང་། དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་གཉིས་ལས། དང་པོས་ནི། བསོད་ནམས་མ་ཡིན་པའི་ལས་ཀུན་ནས་སློང་ལ། ཕྱི་མས་ནི། བསོད་ནམས་དང་མི་གཡོ་བའི་ལས་ཀུན་ནས་སློང་བར་ཀུན་བཏུས་ལས་བཤད་དོ། །དེ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་དེ། སའི་དངོས་གཞི་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་སྤངས་པར་བརྗོད་པར་བྱ་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིལ་གྱིས་སྤངས་པ་ནི་མ་ཡིན་ནོ། །རྒྱན་དུ་ཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལན་གཅིག་ཕྱིར་འོང་བ་ཡང་དེ་བཞིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལ་ནི་ངེས་པ་མེད་དོ། །དགྲ་བཅོམ་པས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། ཞེས་ཀུན་མཁྱེན་གོ་རམས་པའི་རྟེན་འབྲེལ་རབ་གསལ་ལས་སོ། །

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (8)
Part of speech མིང་ཚིག
Definition མངོན་པ། མ་རིག་པ་ཞེས་པ། ཆོས་རྣམས་ཀྱི་གནས་ལུགས་ལ་རྨོངས་པའི་སེམས་བྱུང་མི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཁམས་གསུམ་པའི་མི་ཤེས་པ་སྟེ། ཆོས་རྣམས་ལ་ལོག་པར་ངེས་པ་དང་ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། མ་རིག་པ་དེ་ལ་དབྱེ་ན། ལས་འབྲས་ལ་རྨོངས་པའི་མ་རིག་པ་དང། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པ་གཉིས་སུ་ཡོད། འདིའི་བྱེད་ལས་ལ་ཆོས་རྣམས་ལ་ལོག་པར་ངེས་པ་དང་ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པར་གསུངས་པ་ནི། མ་རིག་པ་ལ་བརྟེན་ནས་ཉོན་མོངས་གཞན་རྣམས་འབྱུང་ཞིང། དེ་ལ་བརྟེན་ནས་ལས་དང། ལས་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བས་ཉོན་མོངས་པ་དང་ཉེས་པ་ཐམས་ཅད་མ་རིག་པ་ལ་བརྟེན་ནས་འབྱུང་བའི་དོན་ནོ། །

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (9)
Part of speech མིང་ཚིག
Definition མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རིག་པ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ། མ་རིག་པའི་མཚན་ཉིད། དེ་ལ་དབྱེ་ན། གང་ཟག་གི་བདག་འཛིན་དང༌། ཆོས་ཀྱི་བདག་འཛིན་གཉིས་ཡོད། ཅེས་གསུངས།

{{#arraymap:མ་རིག་པ་

|; |@@@ | | }}

མ་རིག་པ་ (10)
Part of speech མིང་ཚིག
Definition རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་གཙོ་བོར་རང་སྟོབས་ཀྱི་རྨོངས་པའི་སེམས་བྱུང་དང། མི་སླུ་བའི་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་གཙོ་བོར་རང་སྟོབས་ཀྱི་རྨོངས་པའི་སེམས་བྱུང་གཉིས་རེ་རེ་མ་རིག་པའི་མཚན་ཉིད་ཡིན་ཏེ། དེ་ལྟར་ཡང་རྣམ་འགྲེལ་ལས། རིག་པའི་མི་མཐུན་ཕྱོགས་ཕྱིར་དང། །སེམས་བྱུང་ཉིད་ཀྱི་དམིགས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། ཉོན་མོངས་ཀྱི་མ་རིག་པ་དང། དེ་མ་ཡིན་པའི་མ་རིག་པ་གཉིས་ཡོད།

{{#arraymap:མ་རིག་པ་

|; |@@@ | | }}