50712

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཁའ་འགྲོ་ (1)
Part of speech མིང་ཚིག
Definition བྱ་རིགས་ཏེ། འགྲོ་བའི་ཚེ་ན་མཁའ་ལ་འཕུར་ནས་འགྲོ་བས་སོ། །
Type མངོན་བརྗོད།
མཁའ་འགྲོ་ (2)
Part of speech མིང་ཚིག
Definition ལྷ་སྟེ། ནམ་མཁའི་ལམ་བརྒྱུད་ནས་འགྲོ་བས་སོ། །
མཁའ་འགྲོ་ (3)
Part of speech མིང་ཚིག
Definition སྤྲིན་པ་སྟེ། ནམ་མཁར་རྒྱུ་བས་སོ། །
མཁའ་འགྲོ་ (4)
Part of speech མིང་ཚིག
Definition ཉི་མ་སྟེ། ནམ་མཁའི་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འགྲོ་བས་སོ། །
མཁའ་འགྲོ་ (5)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གསང་སྔགས་མ་རྒྱུད་ཀྱི་གཞུང་ནས་བཤད་ཚུལ་ལ། འོག་ཏུ་བཤད་པའི་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྟེ། སྐུ་ཡི་གནས་བརྒྱད་ན་བཞུགས་པའི་མཁའ་འགྲོ་མ་འཁོར་ལོའི་ཤུགས་ཅན་མ་སོགས་སྐུའི་རིགས་ཀྱི་མཁའ་འགྲོ་མ་བརྒྱད། གསུང་གི་གནས་བརྒྱད་ན་བཞུགས་པའི་མཁའ་འགྲོ་མ་ས་སྲུང་མ་ལ་སོགས་པ་གསུང་གི་རིགས་ཀྱི་མཁའ་འགྲོ་མ་བརྒྱད། ཐུགས་ཀྱི་གནས་བརྒྱད་ན་བཞུགས་པའི་མཁའ་འགྲོ་མ་རབ་གཏུམ་མ་ལ་སོགས་པ་ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་མ་བརྒྱད་བཅས་བསྡོམས་པའི་ཉི་ཤུ་རྩ་བཞིའོ། །
Domain ཆོས་ལུགས།