50785
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་མགྲོན་བསྐྱོད་པ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། ཕྱག་གཡས་གཡོན་བརྐྱང་ནས་སྤྲུགས་ཀྱིན། ལུས་ཀྱང་བཞེངས་ལ་ཕོག་གསུམ་སྤྲུག་གོ ། ཞེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། འཕུར་སྟབས་ནི་ཡོན་ཏན་གྱི་མིང་ལ། ལག་པ་གཉིས་བརྐྱང་ནས་སྤྲུག་པ་ནི། འགྲོ་དོན་གྲུབ་ནས་དབྱིངས་སུ་གཤེགས་པའི་བརྡའོ། །ཞེས་སོ། ། |
| Domain | ཆོས་ལུགས། |