51001

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཁྱེན་པ་གསུམ་ (1)
Part of speech མིང་ཚིག
Definition ཕར་ཕྱིན། གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ་དུ་ཡོད། གོ་རིམ། སྤྱིར་བསྟན་བཅོས་འདིར་མཁྱེན་གསུམ་གྱི་གོ་རིམ་འདི་ལྟར་དུ་བསྟན་པ་ནི། བཤད་བྱའི་རིམ་པའི་དབང་དུ་བྱས་ནས་བསྟན་པ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་འདིར་དང་པོར་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ཐོབ་བྱར་གྱུར་པའི་རྣམ་མཁྱེན་བསྟན། དེ་རྗེས་དེ་ཐོབ་བྱེད་ཀྱི་ཐབས་ལམ་ཤེས་བསྟན། དེ་རྗེས་ལམ་ཤེས་རྫོགས་བྱེད་ཀྱི་ཐབས་གཞི་ཤེས་བསྟན་པའི་ཕྱིར། མཆོད་བརྗོད་ཀྱི་སྐབས་འདིར་གོ་རིམ་འདི་ལྟར་དུ་བསྟན་པ་ནི། ཉམས་ལེན་གྱི་དབང་དུ་བྱས་ནས་བསྟན་པ་ཡིན་ཏེ། སྐབས་འདིར་དང་པོར། གཞི་ཤེས་ཀྱི་རྟོགས་རིགས་སུ་གྱུར་པའི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་བསྟན། དེ་རྗེས་ལམ་ཤེས་ཀྱི་རྟོགས་རིགས་སུ་གྱུར་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་བསྟན། དེ་རྗེས་དེ་ལ་བརྟེན་ནས་རྣམ་མཁྱེན་ཐོབ་ནུས་པས་རྣམ་མཁྱེན་བསྟན་ཏོ། །གྲངས་ངེས། མཆོད་བརྗོད་ཀྱི་སྐབས་འདིར་ཡུམ་ལ་མཁྱེན་པ་གསུམ་དུ་བཞག་པ་ལ་དགོས་པ་ཡོད་དེ། མཆོད་བརྗོད་ཀྱི་ངག་འདིས་མཁྱེན་པ་གསུམ་ལ་བསྟོད་པའི་བསྟོད་ཡུལ་དུ་མངོན་པར་རྟོགས་པ་མཐའ་དག་བསྡུས་པ་དེ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:མཁྱེན་པ་གསུམ་

|; |@@@ | | }}

མཁྱེན་པ་གསུམ་ (2)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། མཁྱེན་པ་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། མཁྱེན་པ་ལ་གསུམ་སྟེ། ཇི་སྙེད་པ་མཁྱེན་པ་དང་། ཇི་ལྟ་བ་མཁྱེན་པ་དང་། མཆོག་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའོ། །ཞེས་གསུངས།

{{#arraymap:མཁྱེན་པ་གསུམ་

|; |@@@ | | }}